རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མཚོ་སྐྱེལ་འདྲེན་རླངས་འཁོར་ཞབས་ཞུ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཀྲི་པུའུ་ཡི་གནས་ཚུལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

       རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མཚོ་སྐྱེལ་འདྲེན་རླངས་འཁོར་ཞབས་ཞུ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཀྲི་པུའུ་ནི་༢༠༠༩ལོར་ཚུགས་པ་དང་།ད་ལྟ་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་།ཧྲུའུ་ཅི་གཞོན་པ་གཅིགརྩ་འཛུགས་ཨུ་ཡོན་དང་།སྒྲིག་ཁྲིམས་ཨུ་ཡོན།དྲིལ་སྒྲོག་ཨུ་ཡོན་བཅས་ཀྱི་འགན་ཁུར་མི་སྣ་ཡོད་ལ།ཏང་ཡོན་༡༧དང་།གྲ་སྒྲིག་ཏང་ཡོནཧུར་བརྩོན་ཅན་གྱི་མི་སྣ༡༣བཅས་ཡོད།ད་ལྟ་བསྡོམས་པའི་སྐྱེལ་འདྲེན་རླངས་འཁོར༡༡༥ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ་ཀུང་ཟིའི་ཏང་ཀྲི་པུའི་འགོ་ཁྲིད་འོག་རྒྱ་ཆེ་བའི་ཏང་ཡོན་དག་གིས་ཏང་གི་ལམ་ཕྱོགས་ལ་བརྩི་སྲུང་དང་།ལྷག་པར་དུ་ཏང་གི་རྩ་བའི་ལམ་ཕྱོགས་དང་རྩ་བའི་རྩ་དོན་བཞི་བརྩི་སྲུང་བྱས་ཤིང་།ཆབ་སྲིད་ཀྱི་བསམ་བློ་དང་དོན་དངོས་ཀྱི་བྱ་སྤྱོད་སོགས་ཏང་གི་ལམ་ཕྱོགས་དང་ཚད་མཐོན་པོ་སྒོས་གཅིག་མཐུན་ཡོངས་བར་བྱས་ལ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གཞིར་བཟུང་ནས་མཚོན་བྱེད་གསུམགྱི་དགོངས་དོན་དང་།སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཡིད་ལ་བཟུང་ཡོད་ནས་རང་རྫོང་གི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་དོན་དངོས་དང་སྦྱར་ནས་བྱ་བ་སྣ་མང་སྤེལ་བ་དང་།རང་རྫོང་གི་མི་དམངས་ལ་བདེ་སྐྱིད་གསར་བ་སྐྲུན་དང་བསྐྲུན་བཞིན་ཡོད།

      ཀུང་ཟིས་ཏང་གི་རྩ་འཛུགས་བཙུགས་པ་ནས་བཟུང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ་ཀུང་ཟིའི་དཔལ་འབྱོར་བདེ་ལེགས་ངང་འཕེལ་རྒྱས་དང་ཞབས་ཞུའི་ནུས་པ་ཇེ་ལེགས་སུ་འགྲོ་བ་སོགས་ལ་སྐུལ་འདེད་མང་པོ་བྱས།དེ་མིན་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་འོག་ཏང་གི་སྒྲིག་སྲོལ་དང་།ཁེ་ལས་ཀྱི་བཅའ་ཁྲིམས།ཀུང་ཟིའི་སྒྲིག་སྲོལ་སོགས་ལ་སློབ་སྦྱོང་མི་དམན་པ་བྱས།  རླངས་འཁོར་བདེ་འཇགས་དང་ཁ་ལོ་བ་དག་གི་སེམས་ཁུར་སེལ་ཆེད་རླངས་འཁོར་ཀྱི་འདུག་སྟེགས་རེའི་ཉེན་སྲུང་སྒོར་ཁྲི༡༥ནས་ཁྲི་༢༠ལ་ཡར་འཕར་བཏང་བ་དང་།བདེ་འཇགས་དོན་གཅོད་འགོ་ཁྲིད་ཚན་ཆུང་ཡང་ཚུགས།འགོ་ཁྲིད་ཚན་ཆུང་གི་སྣེ་ཁྲིད་ལ་བརྟེན་ནས་ཀུང་ཟིའི་སྒྲིག་ཁྲིམས་འཐུས་ཇེ་ཚང་དུ་བཏང་བ་དང་།བདེ་འཇགས་ཉེན་སྲུང་གི་སྒྲིག་ལམ་ཇེ་དམ་དུ་བཏང་ནས་དོན་རྐྱེན་བྱུང་བའི་གནས་ཚུལ་ཇེ་ཉུང་དུ་བཏང་ལ།ཁྲིམས་ལུགས་ལ་བརྩི་སྲུང་བྱེད་ལ་ལས་གནས་ལ་དགའ་བའི་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བ་མང་པོ་ཞིག་སྐྱེད་སྲིང་བྱེད་དང་བྱེད་བཞིན་ཡོད།  སྤྱི་ཚོགས་ལ་ཞབས་ཞུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད།རང་རྫོང་གི་སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱེད་ཆེད་རང་རྫོང་གི་རྩ་འཛུགས་པུའུ་ཡི་སྔོན་ཐོན་བྱ་འགུལ་དང་འབྲེལ་ནས་རྒྱུན་དུ་རང་རྫོང་དུ་སློབ་གྲྭ་འགྲོ་བཞིན་པའི་སློབ་མ་ཞིག་ཡིན་ཚེ་རྒྱ་བོད་སོག་གསུམ་གང་ཡིན་རུང་མི་གཅིག་ལ་ཐེངས་གཅིག་ལ་གླ་སྒོར་གཅིག་ལས་མི་ལེན་པར་ཐག་བཅད་ནས་དུས་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་པ་དང་།ཟླ་རེར་སློབ་མ༧༢༠ལྷག་ཙམ་ཕར་སྐྱེལ་ཚུར་ལེན་བྱེད་བཞིན་ཡོད་པས།ལོ་རེར་སྒོར་༨༦༤༠ལྷག་ཉུང་ལེན་བྱས་ཡོད།སྔ་གཞུག་ཏུ་ཀུང་ཟིའི་རྩ་འཛུགས་འོག་དབུལ་སྐྱོར་ཁྱིམ་ཚང་དང་།དཀའ་ཚེགས་ཅན་གྱི་བྱིས་པ།དེ་མིན་སློབ་གྲྭ་འགྲོ་བར་དཀའ་ངལ་ཡོད་པའི་སློབ་མ་སོགས་ལ་སྒོར་སྟོང་འགའི་ཞལ་འདེབས་ཕུལ་བ་དང་།འགྲུམ་འགྲིལ་དོན་རྐྱེན་བྱུང་བའི་དཀའ་ངལ་ཁྱིམ་ཚང་ལ་སྒོར༢༤༠༠༠ལྷག་གི་རོགས་དངུལ་གཏོང་མྱོང་། རྒྱུན་པར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀུང་ཟིའི་ལས་དོན་ཇེ་ལེགས་སུ་བཏང་ལ།དཔེར་ནས་རླངས་འཁོར་ཅུང་བཟང་པོ་ཉོས་ན་བྱ་དགའ་སྟེར་བ་དང་།རླངས་འཁོར་ལ་བདག་གཉེར་བྱས་པ་བཟང་ན་བྱ་དགའ་སྟེར་བ་སོགས་ལག་ལེན་དུ་བསྟར་བ་མ་ཟད།རང་རྫོང་གི་ཁྱད་ཆོས་དང་མཐུན་པའི་རླངས་འཁོར་མཚོན་རྟགས་སོགས་བཟོས་པ་རེད།ཀུང་ཟིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་དམིགས་ཡུལ་དུ་བཟུང་ནས་དུས་ནམ་ཡང་ཁ་ལོ་བ་རྣམས་ལ་འདིའི་སྐོར་གྱི་སློབ་གསོ་གཏོང་བ་དང་།གལ་ཏེ་དཀའ་ངལ་ཅན་གྱི་ནད་པ་ཐག་རིང་དུ་འཁྱེར་དགོས་ཚེ་ཚད་ངེས་ཅན་གྱི་སྟེང་ནས་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་ཀྱི་སྒྲིག་སྲོལ་གཏན་ཁེལ་བྱས་ནས་རང་རྫོང་གི་མི་དམངས་ལ་རང་ཚོད་ཀྱི་ཞབས་ཞུ་མང་པོ་ཞུ་བཞིན་ཡོད། གོང་གསལ་ནས་བཤད་པ་ཇི་བཞིན་ཀུང་ཟི་འདིའི་རང་གི་ནུས་པ་ཆུང་ངུ་དང་ཙག་ཙིག་གི་བྱ་བར་བརྟེན་ནས་རང་རྫོང་གི་སྤྱི་ཚོགས་ཞབས་ཞུ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཕྱོགས་ལ་བྱས་རྗེས་རབ་དང་རིམ་པ་བཞག་དང་འཇོག་བཞིན་ཡོད།

གོང་མ།:ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འཆམ་མཐུན་གྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བ
འོག་མ།:རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་གླག་རྒོད།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།