རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་གླག་རྒོད། མགར་རྩེ་ཞང་གི་འབྲོག་དམངས་ཏང་ཡོན་འཇིགས་མེད་རབ་རྒྱས་ལགས་ཀྱི་གནས་ཚུལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

           འཇིགས་མེད་རབ་རྒྱས་ལགས་ནི། ཕོ་དང་ད་ལོ་ལོ༣༩ ཀྲུང་གུང་ཏང་ཡོན། ཐུན་རིན་རྫོང་མགར་རྩེ་ཞང་རྒོད་རྒྱུད་སྡེ་བའི་སྡེ་མི་ཡིན་པ་དང་། ཁོང་ནི་རྒྱལ་ཡོངས་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་སྔོན་བསྐྲུན་ལེགས་བརྩོན་བྱེད་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཡོན་དང་། མགར་རྩེ་བཀྲ་ཤིས་འབྲོག་ཁྱིམ་ནོར་གནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་གསར་གཏོད་པ། ༢༠༡༠ལོའི་ཕུལ་བྱུང་ཞིང་སྡེའི་ཚན་རིག་ཁྱབ་གདལ་གཏོང་བའི་སྣེ་ཁྲིད་པ་དང་།  ༢༠༡༢ལོའི་རྨ་ལྷོ་ཁུལ་གྱི"ལེགས་པ་བཅུའི"འབྲོག་པ་བཅས་ཡིན། རྒྱལ་ཡོངས་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་སྔོན་བསྐྲུན་ལེགས་བརྩོན་བྱེད་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཏང་ཡོན་གྱི་ཚད་གཞི་ལ་བརྟེན་ནས་རང་གིས་རང་ལ་རེ་བ་ནན་མོ་འདོན་ཞིང་། མི་རིགས་མཐུན་སྒྲིལ་ནི་ནམ་ཡང་སེམས་ལ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ནི་ནམ་ཡང་རང་གི་ལག་ལེན་སྟེང་འཁྱོལ་བར་བྱེད་དོ།

གཅིག མ་དཔེ་སྟོན་པར་སྣེ་ཁྲིད་དེ། མི་རིགས་མཐུན་སྒྲིལ་ལ་ཤུགས་ཆེན་པོས་སྲུང་སྐྱོང་བྱེད།

     མི་རིགས་མཐུན་སྒྲིལ་ནི་སྙིང་སྟོབས་ཤིག་དང་བསམ་བློའི་སྟོབས་ཤུགས་ཤིག རེ་སྙེག་ཅིག་ཡིན་པས། མི་རིགས་མཐུན་སྒྲིལ་མེད་ན་སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པ་དང་། མི་རིགས་མཐུན་སྒྲིལ་མེད་ན། དཔལ་འབྱོར་གྱི་འཕེལ་རྒྱས་མེད་ལ།  མི་རིགས་མཐུན་སྒྲིལ་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་རྒྱུ་ནི་གླེང་ཐབས་མེད། འཇིགས་མེད་རབ་རྒྱས་ལགས་ནི་གངས་རིའི་འདབས་ཀྱི་མཛེས་པའི་རྩྭ་ཐང་དུ་སྐྱེས་ཤིང་། ཚེ་ཚེ་རབས་རབས་སུ་ཕྱུགས་འཚོ་སྐྱོང་བྱས་ཏེ་འཚོ་བའི་ཐུན་རིན་རྫོང་མགར་རྩེ་ཞང་གི་འབྲོག་པ་ཞིག་ཡིན། ཁོས་དུས་རྒྱུན་བཤད་རྒྱུར། མི་རིགས་སོ་སོའི་མི་དམངས་ཀྱིས་རང་གི་དཔྲལ་བའི་མིག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་ཅིང་། རང་གི་ཚེ་སྲོག་ལ་བརྩི་  མཐོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས། བསམ་བློའི་སྟེང་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ངོས་ཟིན་དགོས་པར་མ་ཟད། བྱ་སྤྱོད་ཀྱི་སྟེང་ནས་མི་རིགས་མཐུན་སྒྲིལ་གྱི་དོན་དག་དེ་བས་ཀྱང་དོན་འཁྱོལ་བྱེད་དགོས”“ཞེས་བརྗོད་པ་རེད།

      ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཁོང་གིས“རྒྱ་རིགས་ནི་གྲངས་ཉུང་མི་རིགས་ལ་ཁ་མི་འབྲལ་བ་དང་གྲངས་ཉུང་མི་རིགས་ནི་རྒྱ་རིགས་ལ་ཁ་མི་འབྲལ་བ། མི་རིགས་སོ་སོ་ཕན་ཚུན་ཁ་མི་འབྲལ་བ”ནི་ཐོག་མཐའ་བར་གསུམ་དུ་མིས་དོན་དག་ཐག་གཅོད་བྱེད་པའི་གཞི་འཛིན་སར་བྱས་ཏེ།  མི་རིགས་མཐུན་སྒྲིལ་ལ་མི་ཕན་པའི་སྐད་ཆ་གཏན་ནས་མི་བཤད་ཅིང་།  མི་རིགས་མཐུན་སྒྲིལ་ལ་མི་ཕན་པའི་དོན་དག་མི་སྒྲུབ་པ་རེད། མི་གཞན་གྱིས་བསྒྲུབ་ཐུབ་པའི་དོན་དག་ཅིག་ཡིན་ན། ཁོང་གིས་ཐོག་མར་བསྒྲུབས་པར་མ་ཟད། དོན་དག་གང་ཞིག་སྔོན་ལ་འཁྱོངས་པ་དང་། རང་གི་བྱ་སྤྱོད་ཀྱིས་མཐའ་འཁོར་གྱི་མང་ཚོགས་ལ་ཤུགས་རྐྱེན་བཟོ་ཞིང་སྐུལ་འདེད་བྱེད་པ་རེད། རང་སྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དམིགས་འཐབ་རྩོད་སྤེལ་བའི་གོ་རིམ་ཁྲོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་དུ་འཛུགས་པའི་གོ་རིམ་སོགས་གང་ཞིག་ཡིན་རུང་། ཁོང་གིས་རང་གི་སྒེར་གྱི་རླངས་འཁོར་བསྐོར་ཏེ་འབྲོག་ལས་ས་ཁུལ་དུ་ཟབ་ཞུགས་སྒོས་མང་ཚོགས་ལ“ཏཱ་ལ་རང་རྒྱལ་དུ་ལོག་ཐབས་མེད་པའི་རྒྱུ་མཚན”དང་། རང་སྲེག་བྱེད་མཁན་ནི་བོད་སྒེར་ཚུགས་དབང་ཤུགས་ཀྱི་གླུད་རྫས་ཡིན་པ།” མི་རིགས་ས་ཁོངས་རང་སྐྱོང་ལ་གོ་བ་ཅི་ལྟར་ལེན་དགོས”པ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱེད་པ་རེད།  ཁོང་གི་དྲིལ་བསྒྲགས་ལ་བརྟེན་ནས། མང་ཚོགས་ཀྱིས་བརྟན་ལྷིང་དང་མི་རིགས་སོ་སོའི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པར་གོ་བ་ཟབ་མོ་བླངས་ཤིང་། དྲིལ་བསྒྲགས་ཀྱི་འབྲས་བུའང་སྔར་བས་འབུར་དུ་ཐོན་པ་རེད།

གཉིས། དམངས་ཀྱི་གནས་ཚུལ་ཤེས་ཤིང་དམངས་ཀྱི་འདོད་བློ་རྟོགས་ཏེ་ཟམ་པ་ལྟ་བུའི་ནུས་པ་བཏོན་པ།  

        ཁོང་ནི་སྡེ་བ་ནང་གི་གནས་ཚུལ་དང་མང་ཚོགས་ལ་ཆ་རྒྱུས་ཡོད་པས། ཁོང་གིས“མི་བརྒྱ་ཆའི་དགུ་བཅུ་ནི་ལེགས་པ་དང་ལྷག་མའི་བརྒྱ་ཆའི་གཅིག་ནི་ཏཱ་ལའི་ཚོགས་ཁག་གི་བསླུ་བྲིད་ཐེབས་རྗེས་ཁ་ཕྱོགས་ཤོར་པ་རེད”ཅེས་བཤད་པ་རེད། ཁོང་ནི་སྡེ་བའི་མི་དམངས་མཉམ་སྲུང་རུ་ཁག་གི་རུ་མི་ཞིག་ཡིན་པའི་ཆ་ནས། སུ་ལ་དགོས་མཁོ་ཡོད་ཚེ་སུ་ཡིས་བུས་ཀྱང་ཡོང་ངེས་ཡིན་ལ། རང་ཁྱིམ་དུ་དོན་དག་ཆེན་པོ་ཅི་ཞིག་ཡོད་ཀྱང་བསྐྱུར་ངེས་ཡིན་པ་དང་། བཀོད་སྒྲིག་བྱས་པའི་དུས་ལ་ཐོན་ཚེ།   ཁོང་གིས་རང་གི་རླངས་འཁོར་བསྐོར་ནས་སྐོར་ཞིབ་བྱེད་པ་རེད། དེ་དང་མཉམ་དུ། ཁོང་གིས་ནམ་རྒྱུན་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་ལ་རོགས་སྐྱོར་བྱས་ཏེ།  སྡེ་བའི་ནང་དུ་བྱུང་བའི་འགལ་བ་དུས་ཐོག་ཏུ་མཐུན་སྦྱོར་དང་འདུམ་འགྲིག་བྱེད་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་བྱུང་བའི་འགལ་བ་དང་རྩོད་གླེང་གང་ཞིག་གོ་བ་ལོག་ནས་འདུམ་འགྲིག་བྱེད་དཀའ་དུས། མི་གཞན་པ་བཙལ་ནས་དེ་ལ་སེམས་གཏམ་བཤད་ཅིང་མི་གཞན་པ་འདུམ་འགྲིག་ཁྲོད་ཞུགས་པར་ཡང་བཙལ་བ་རེད།

གསུམ། ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་ཞིང་། སེམས་ལ་མང་ཚོགས་བཅངས།

         མགར་རྩེ་ཞང་ནི་མི་མང་ཞིང་རྩྭ་ས་ཉུང་བས། སྲོལ་རྒྱུན་གྱི་ཕྱུགས་ལས་གསོ་སྤེལ་བྱེད་པ་དང་འཕེལ་རྒྱས་འབྱུང་བར་ཚོད་འཛིན་ཐེབས་པ་རེད།མང་ཚོགས་ཀྱི་ཡོང་སྒོ་འཕར་ཚད་དལ་བ་དང་ཆབས་ཅིག རྩྭ་སའི་ཁོར་ཡུག་ལ་གནོན་ཤུགས་བཟོ་བཞིན་ཡོད། གནས་ཚུལ་འདི་དག་ལ་འཕྲད་པའི་དབང་གིས། འཇིགས་མེད་རབ་རྒྱས་ཀྱིས་ཕྱུག་འགྱུར་གྱི་ལས་རིགས་གསར་གཏོད་བྱེད་པའི་བགྲོད་ལམ་གསར་པ་འཚོལ་ཞིབ་བྱས། དུས་ཡུན་རིང་བོར་ཟ་ཁང་གཉེར་པ་དང་སྐྱེལ་འདྲེན་གྱི་ལས་སུ་ཞུགས་ཏེ་མཐོང་རྒྱ་ཅུང་ཟད་བསྐྱེད་ཡོད་པས། ལྷན་སྐྱེས་ཀྱིས་སྤྱང་གྲུང་འཛོམས་པའི་ཁོ་བོས་རེབ་གོང་རྫོང་གིས་མགར་རྩེ་ཞང་དུ་རྩྭ་ཐང་འཛུགས་སྐྲུན་ཆ་ཚང་བར་བྱས་ཏེ།   ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དུ་སྒྱུར་བ་དང་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་པོ་མཐོང་ནས། གོ་སྐབས་དམ་དུ་བཟུང་སྟེ་འདུ་ཤེས་བསྒྱུར་ཅིང་། མང་ཚོགས་ཀྱི་སྣེ་འཁྲིད་ནས་ཕྱོགས་ཀུན་ནས་མ་དངུལ་གསོག་གྲབས་བྱས་པ་དང་། རྩྭ་ཕག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་ནོར་ལུག་གསོ་སྤེལ་གནས་གཞི། མཐོ་སྒང་གི་ནོར་ནག་ཕྱི་ནང་གཉི་གར་གསོ་སྤེལ་བྱེད་པའི་གནས་གཞི་སོགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། ༢༠༡༡ལོའི་ཟླ༡༠བར། མཚོ་སྔོན་ཞིང་ཆེན་ཀྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་རྨ་ལྷོར་ཕེབས་ནས་རྟོག་ཞིབ་བྱེད་སྐབས། མགར་རྩེ་ཞང་མཐོ་སྒང་གི་ནོར་ནག་ཕྱི་ནང་གཉི་གར་གསོ་སྤེལ་བྱེད་པའི་གནས་གཞི་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། འདི་ནི་འབྲོག་ཁུལ་གྱི་མང་ཚོགས་ལ་སྣེ་འཁྲིད་དེ་སྲོལ་རྒྱུན་གྱི་ཕྱུགས་ལས་ཀྱི་འདུ་ཤེས་བསྒྱུར་ཅིང་། དེང་རབས་ཀྱི་ཕན་འབྲས་མཐོ་བའི་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་བཟང་པོ་ཞིག་ཡིན་པར་འདོད་པ་དང་། ཞིང་ཆེན་ཁུལ་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་ཚད་ཀྱི་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན་པར་མ་ཟད། འཇིགས་མེད་རབ་རྒྱས་ལ་འཕེལ་རྒྱས་བཟང་པོ་བྱས་ཏེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་སྐྱེ་ཁམས་ཕྱུགས་ལས་དང་འབྲོག་པའི་གཏན་སྡོད་བཟོ་སྐྲུན། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱེད་པའི་ལམ་ལུགས་སོགས་ཀྱི་བྱ་བར་དམ་དུ་སྦྲེལ་ཏེ། རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་ཀྱི་ཚོད་ལྟའི་གནས་སུ་བྱས་ཏེ་དམ་འཛིན་བྱེད་པ་དང་། ཁུལ་ཡོངས་ཀྱིས་རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཕྱུགས་ལས་སོགས་ཀྱི་བྱ་བ་འཕེལ་རྒྱས་སུ་གཏོང་བར་དཔེ་སྟོན་པ་དང་སྐུལ་འདེད་ཀྱི་ནུས་པ་འདོན་དགོས་ལ། འབྲོག་ཁུལ་དུ་ཕྱུགས་ཟོག་ཇེ་ཉུང་དུ་སོང་ཡང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་དང་། རྩྭ་ས་བཀག་རྒྱ་བྱས་ཀྱང་ཕྱུགས་གསོ་བ། གྲངས་ཀ་ཉུང་ཞིང་སྤུས་ལེགས་པར་གསོས་ཏེ་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་པ་གཏོང་བའི་ཆེད་དུ་བགྲོད་ལམ་གསར་པ་ཞིག་འབྱེད་པར་སྐུལ་ལྕག་གནང་། མགར་རྩེ་ཞང་ནོར་ནག་ཕྱི་ནང་གཉི་གར་གསོ་སྤེལ་བྱེད་པའི་གནས་གཞི་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་ནོར་ནག་ཕྱི་ནང་གཉི་གར་གསོ་སྤེལ་བྱེད་པའི་ཚོད་ལྟའི་གནས་གཅིག་པུ་དེ་ཡིན་ཞིང་།  གཏན་འཇགས་མ་དངུལ་བསྡོམས་པས་སྒོར་ཁྲི༤༠༠ལ་སོན་པ་དང་། མཐའ་འཁོར་གྱི་ཁྱིམ་ཚང་བརྒྱ་ལ་ཉེ་བའི་འབྲོག་པ་མང་ཚོགས་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཏེ་དེང་རབས་ཕྱུགས་ལས་སྣ་ཚོགས་ཀྱི་ལས་ལ་ཞུགས་ཏེ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ལ། ལོ་རེའི་གསར་སྐྲུན་གྱི་ཡོང་འབབ་སྒོར་ཁྲི༣༠༠ལ་སོན་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར༥༠༠༠དུ་སོན་ལ་ཉེ།

            གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཁོས་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁྲིམས་མཐུན་སྒོས་བདག་གཉེར་དོ་དམ་བྱས་པ་བརྒྱུད།  མང་ཚོགས་སྐོར་ཞིག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས་པ་རེད། ལོ་མང་པོའི་རིང་། ཡུལ་མི་རྣམས་དཀའ་ཁག་ལ་འཕྲད་ཚེ། དོན་དག་ཆེ་ཆུང་གང་ཡིན་ཡང་། འཇིགས་མེད་རབ་རྒྱས་ཀྱིས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཁོ་ཐག་ཡིན། ཡུལ་མི་རྣམས་ཀྱིས་ཁོ་གླེང་སྐབས། ཚང་མས་མགྲིན་གཅིག་གིས་ཁོ་ནི་གུང་ཁྲན་ཏང་ཡོན་ངོ་མ་ཞིག་རེད་ཅེས་བརྗོད་པ་རེད། འཇིགས་མེད་རབ་རྒྱས་ཀྱིས་གསལ་བོར་ཤེས་ཡོད་པ་ནི། མང་ཚོགས་ལ་ཕན་ཆེན་པོ་ཐོགས་པའི་རོགས་རམ་ངོ་མ་ཞིག་བྱེད་དགོས་ན། དངུལ་སྒོར་དང་དངོས་རྫས་ཁོ་ན་བྱིན་པ་ཙམ་ལ་བརྟེན་པས་མི་ཆོག་པར། གཙོ་བོ་མང་ཚོགས་ཀྱི་འདུ་ཤེས་བསྒྱུར་བར་སྐུལ་མ་གནང་ནས། རང་ཉིད་དང་མཉམ་དུ་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས། ཕན་འབྲས་མཐོ་བ་དང་གཞི་ཁྱོན་ཆེ་བ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལམ་དུ་བསྐྱོད་དགོས་པར་འདོད་ལ། ཁོས་ལག་ལེན་དངོས་ཀྱི་སྟེང་ནས་ཀྱང་འདི་ལྟར་བསྒྲུབས་པ་རེད། ལོ་འདི་འགའི་རིང་གི་འཕེལ་རྒྱས་ཁྲོད། ཁོས་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ཏེ། རང་གི་ནུས་པ་ཡོད་ཚད་ཀྱིས་མང་ཚོགས་ལ་རོགས་རམ་བྱས།  འཇིགས་མེད་རབ་རྒྱས་ལ་མཚོན་ན“རོང་འབྲོག་མང་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་ཕྱུག་པོར་སྒྱུར་བ”ནི་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས། སྡེ་མི་རྣམས་ཀྱིས་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་གིས་རོགས་སྐྱོར་བྱས་པ་དང་སྡེ་དམངས་རྣམས་མཉམ་དུ་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་ཅིང་། རང་ཉིད་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་བརྒྱུད་རིམ་དངོས་ཀྱིས་ཡུལ་མི་རྣམས་ལ་ཚན་རིག་ཤེས་བྱའི་གལ་ཆེན་རང་བཞིན་རྟོགས་སུ་བཅུག

ཁོང་གིས་རང་གི་འཚོ་བའི་མྱོང་ཚོར་དངོས་དང་འབྲེལ་ཏེ། གྲོགས་དང་གཉེན་ཉེ་རྣམས་ལ་ཏང་གི་ཁ་ལ་ཇི་ལྟར་ཉན་པ་དང་མི་རིགས་མཐུན་སྒྲིལ་ཇི་ལྟར་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་སུ་ཇི་ལྟར་གཏོང་བར་བསམ་གཞིག་མང་དུ་བྱེད་པ་དང་།ཁོ་དང་མཚུངས་པར་སེམས་ཤུགས་ཡོད་ཚད་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་སྤྱོད་དུ་བཅུག་ནས། མི་སྔར་ལས་མང་པོ་ཞིག་ཁོ་དང་འདྲ་བར་ཕྱུག་འགྱུར་དུ་བསྐྱོད་ཅིང་། ཏང་གི་གཟིགས་སྐྱོང་སྲིད་ཇུས་ལ་ལོངས་སྤྱོད་བྱེད་དུ་བཅུག

གོང་མ།:རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མཚོ་སྐྱེལ་འདྲེན་རླངས་འཁོར་ཞབས་ཞུ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཀྲི་པུའུ་ཡི་གནས་ཚུལ།
འོག་མ།:སྐབས་བཞི་པའི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་ཅན་གྱི་གདམ་བྱའི་འོས་མིའི་དགའ་རྟགས་ཐོབ་མཁན་ཨོ་རྒྱན་ལགས་ཀྱི་བྱ་དགའ་ཁྱེར་ནས་ཕྱིར་
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།