སྐབས་བཞི་པའི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་ཅན་གྱི་གདམ་བྱའི་འོས་མིའི་དགའ་རྟགས་ཐོབ་མཁན་ཨོ་རྒྱན་ལགས་ཀྱི་བྱ་དགའ་ཁྱེར་ནས་ཕྱིར་
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

        ཉེ་སྔོན། རྫོང་ཨུའི་དྲིལ་སྒྲོག་པུས་མཚམས་སྦྱོར་བྱས་པའི་སྐབས་བཞི་བའི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལགས་ཅན་གྱི་གདམ་བྱའི་འོས་མིའི་དགའ་རྟགས་ཐོབ་མཁན་ནམ། རང་རྫོང་གི་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཨོ་རྒྱན་ལགས་ཟླབའི་ཚེས༢༦ཉིན་རྒྱལ་སའི་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུཀྲུང་གོའི་བསམ་འདུན་མངོན་འགྱུར་དང་ཀྲུང་ཧྭའི་སྤྱོད་བཟང་དར་སྤེལཞེས་པའི་སྐབས་བཞི་བའི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལགས་ཅན་གྱི་གདམ་བྱའི་འོས་མིའི་གཟེངས་བསྟོད་ཚོགས་འདུ་གྲོལ་རྗེས་དགའ་རྟགས་ཁྱེར་ནས་ཕྱིར་མཚོ་སྔོན་ལ་ཐོན་ཏེ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲིལ་སྒྲོག་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་བསམ་པའི་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན་བང་ཞང་མིན་གནམ་གྲུ་ས་ཚུགས་ལ་སོང་སྟེ། རང་ཞིང་ཆེན་གྱི་ཚབ་མི༡༠ལ་བསུ་བ་བྱས་པ་མ་ཟད་མེ་ཏོག་འབུལ་ནས་རྟེན་འབྲེལ་ཞུས།

     ཐེངས་འདིའི་གདམ་བྱའི་བྱ་འགུལ་ནི་ད་ལོའི་ཟླ༤བའི་ནང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་གཞུང་ལས་ཁང་། བཅངས་འགྲོལ་དམག་གི་སྤྱིའི་ཆབ་སྲིད་པུའུ། རྒྱལ་ཡོངས་སྤྱི་ཡི་བཟོ་ཚོང་ལྷན་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་ལྷན་ཚོགས་སོགས་པུའུ་ཨུ་དྲུག་གིས༢༠༠༧ལོར་དང༢༠༠༩ལོར། ༢༠༡༡ལོར་རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་ཅན་གདམ་རྗེས། རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་ཅན་གཟེངས་བསྟོད་བྱ་འགུལ་སྐབས་བཞི་བ་སྟེ། སྤྱི་ཚོགས་ཡོངས་སུ་ཤུགས་ཆེན་པའི་ངང་སྤྱོད་བཟང་དཔེ་ལེགས་ལ་སློབ་སྦྱོང་ངམ་དྲིལ་སྒྲོག་བྱེད་པ་དང་། སྤྱོད་བཟང་དཔེ་ལེགས་ཅན་གྱི་དཔེ་འོས་ བྱེད་ནུས་ཐེར་འདོན་བྱས་ནས། སྤྱི་དམངས་ཀྱི་སྤྱོད་བཟང་འཛུགས་སྐྲུན་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་བར་མ་ཟད། མི་རྣམས་ཀྱི་གཏིང་ཟབ་པའི་ངངཀྲུང་གོའི་བསམ་འདུནགྱི་དགོངས་དོན་དངོས་དང་ནང་དོན་ངོ་མར་གོ་བ་ལེན་པར་སྣེ་ཁྲིད་བྱས་ནས་ཏེ།ཀྲུང་གོའི་བསམ་འདུནགྱི་ཤེས་རྟོགས་སམ་ཁས་ལེན་ཇེ་དྲག་ཏུ་བཏང་། ཐེངས་འདིའི་གདམ་བྱའི་བྱ་འགུལ་ལ་རང་རྫོང་གིས་བརྩི་མཐོང་ཆེན་པོ་བྱས་པ་དང་།མང་ཚོགས་ཀྱིས་གདམ་པའམ་མང་ཚོགས་འདེམས་པའིརེ་བ་འབུར་ཐོན་དུ་བཟུང་སྟེ། རྒྱ་ཆེན་པོའི་ངང་ནས་མང་ཚོགས་སྐུལ་སློང་དང་མཚམས་སྦྱོར་བྱེད་པར་ཧུར་བརྩོན་བྱེད་པ། རིམ་པ་བཞིན་འདེམས་པ། ཞིབ་བཤེར་ནན་མོ་བྱས་རྗེས་རིམ་བཞིན་གོང་རིམ་ལ་མཚམས་སྦྱོར་བྱེད་པ། བློ་མཐུན་ཨོ་རྒྱན་གྱི་བདེན་མཐོང་དཔའ་སྐྱེད་ཀྱི་བྱ་བཞག་འབུར་ཐོན་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་ཤན་འབྱེད་པར་འོས་མི༡༠མཚམས་སྦྱོར་བྱས་པའི་གྲས་སུ་གྱུར་ལ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིམ་པ་སོ་སོས་འདེམས་ཤོག་འཕངས་ཏེ། མཇུག་མཐར་སྐབས་ བཞི་བའིརྒྱལ་ཡོངས་སྤྱོད་བཟང་དཔེ་ལགས་ཅན་གྱི་གདམ་བྱའི་འོས་མིའི་བྱ་དགའཐོབ།

      བློ་མཐུན་ཨོ་རྒྱན་ནི་རིགས་དགེ་རྒན་དཀྱུས་མ་ཞིག་ལ། ཁོས་ཐེངས་མང་པོར་རང་ཉིད་ཀྱི་བདེ་སྡུག་ལ་མི་འཛེམ་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གམ་རྒྱུ་ནོར་མྱུར་སྐྱོབ་བྱས་པ་སྟེ། ཁོས་ཤར་རྒྱུག་བྱེད་བཞིན་པའི་རླངས་འཁོར་གྱི་མདུན་དུ་བྱིས་པ་ཕུད་རྒྱག་བྱས་ནས་བདེ་འཇགས་ཀྱི་གནས་སུ་གཡུགས་མོད། འོན་ཀྱང་རང་ཉིད་ཀྱི་ལམ་འགྲམ་དུ་འགྱེལ་ཏེ་རྐང་པ་གཡོན་པའི་རུས་པ་ལ་གས་ཆག་བྱུང་བ་དང་།  ཆུར་ལྷུང་བའི་བྱིས་པ་དར་འོག་ནས་བསྐྱབས་པ། སྤང་ཐང་ནས་བགྲེས་པོ་བསྐྱབས་པ། ཞུམ་པ་མེད་པར་རྐུན་ཇག་དང་འཐབ་པ་སོགས་ཀྱི་བྱ་བ་མང་པོ་སྒྲུབ་ཏེ། ལོ་མང་པོའི་ནང་ཁོས་སྲོག༡༣ལྷག་བསྐྱབས་ལ། རང་ཉིད་ཀྱི་དོན་དངོས་འགུལ་སྐྱོད་ཀྱིས་མི་རྣམས་ལ་མཚོ་སྔོན་གྱི་མིར་ལྡན་པའི་རླབས་ཆེན་ཀྱི་བསམ་བློ་དང་འོད་སྟོང་འབར་བའི་རང་གཤིས་མངོན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་བདེན་མཐོང་དཔའ་སྐྱེད་ཀྱི་སྲོལ་རྒྱུན་སྤྱོད་བཟང་མངོན་ནོ༎
གོང་མ།:རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་གླག་རྒོད། མགར་རྩེ་ཞང་གི་འབྲོག་དམངས་ཏང་ཡོན་འཇིགས་མེད་རབ་རྒྱས་ལགས་ཀྱི་གནས་ཚུལ།
འོག་མ།:གཞན་ཕན་ལྷག་བསམ་གྱིས་ཕྱུག་པའི་གྲྭ་བཙུན་འཇམ་དབྱངས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།