༄༅།།ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་རྒྱུ་ཆ་ཕྱོགས་བསྡུས༎
ཡིག་ཆ་སྤེལ་བའི་དུས་ཚོད།:2015-06-29   རྩོམ་གྱི་ཡོང་ཁུངས།

ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་

དགོངས་དོན།

     ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གོང་སྤེལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་དེ་ཟླ9པའི་ཚེས28ནས29ཉིན་གྱི་བར་པེ་ཅིན་ནས་བསྡུས།

  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིན་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་

ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་

ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་

ཀྲང་ཀྲང་ཏི་ཅིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་

ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བང་ ཆིས་ཧྲན་བཅས་

ཚོགས་འདུར་ཞུགས།

  ཞི་ཅིན་ཕིན་གྱིས་ཚོགས་ཐོག་ཏུ་གཏམ་བཤད་གལ་ཆེན་གནང་སྟེ།རང་རྒྱལ་གྱི་

མི་རིགས་བྱ་བར་འཕྲད་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ཡོངས་

ནས་དབྱེ་ཞིབ་དང་།དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ནང་རང་རྒྱལ་

མི་རིགས་བྱ་བའི་ཁ་ཕྱོགས་དང་སྲིད་ཇུས་ལ་འབྲེལ་བཤད་ཟབ་མོར་གནང་།  ལིས་ཁི་

ཆིང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་དང་། ཕྱོགས་ཡོངས་ནས་འབྱོར་

འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ཕྱོགས་ལ་གཏམ་བཤད་གནང་།  ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུ་མཇུག་སྒྲིལ་སྐབས་ཕྱོགས་བསྡོམས་ཀྱི་གཏམ་བཤད་ གནང་།

  ཐེངས་འདིའི་ཚོགས་འདུའི་འགན་འཁྲི་གཙོ་བོ་ནི། གནས་བབ་གསར་བའི་འོག་

གི་མི་རིགས་ཀྱི་གནད་དོན་དང་། མི་རིགས་ཀྱི་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་ཡང་

དག་གིས་གོ་བ་གཏིང་ཟབ་བླངས་ཏེ།བསམ་བློའི་ངོས་ཟིན་གཅིག་གྱུར་དང་། དམིགས་ཡུལ་འགན་འཁྲི་ངེས་གསལ། ཆོད་སེམས་དང་ཡིད་ཆེས་བརྟན་པོའི་སྒོ་ནས་

མི་རིགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།

  ཚོགས་འདུས་བསྟན་དོན།མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་གཙོ་བོ་ཞིག་

ཡིན་ལ། རང་རྒྱལ་འཕེལ་རྒྱས་ཀྱི་ཕན་ཡོད་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་

སོ་སོས་ཐུན་མོང་གིས་མེས་རྒྱལ་གྱི་མཛེས་པའི་རི་ཆུ་དང་། ཡངས་པའི་ས་གཞི་གསར་

སྤེལ་བྱས་པ་དང་།ཐུན་མོང་གིས་དུས་ཡུན་རིང་པོའི་ཀྲུང་གོའི་ལོ་རྒྱུས་དང་། འོད་སྟོང་

འབར་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས།  རང་རྒྱལ་གྱི་ལོ་རྒྱས་འཕེལ་

འགྱུར་གྱི་ཁྱད་ཆོས་འདིས།རང་རྒྱལ་གྱི་མི་རིགས་སོ་སོར་ཁྱབ་སྟངས་ཐོག་མཉམ་བསྲེས་

མཉམ་སྡོད་དང་། རིག་གནས་ཐོག་མཉམ་སྡུད་མཉམ་གསོགདཔལ་འབྱོར་ཐོག་གཅིག་

ལ་གཅིག་བརྟེན།བརྩེ་དུང་ཐོག་བློ་ཉེ་གཞུང་དྲང་གིས་གནས་པའི་གྲུབ་འབྲས་བླངས་ཏགཞན་གྱི་ནང་དུ་རང་ཡོད་པ་དང་།རང་གི་ནང་དུ་གཞན་ཡོད་པ།ཕན་ཚུན་ཁ་བྲལ་མི་ཐུབ་པའི་གཞི་གཅིག་གི་ཆགས་སྟངས་གྲུབ་ཡོད།ཀྲུང་ཧྭ་མི་རིགས་དང་མི་རིགས་སོ་སོའི་འབྲེལ་བ་ནི།ཁྱིམ་གཞི་ཆེན་པོ་དང་བཟའ་མིའི་འབྲེལ་བ་ཡིན་པ་དང་།མི་རིགས་སོ་སོ་བར་གྱི་འབྲེལ་བ་ནི།ཁྱིམ་གཞི་ཆེན་པོ་དེའི་བཟའ་མི་བར་གྱི་འབྲེལ་བ་ཡིན།མི་   རིགས་གནད་དོན་ཐག་གཅོད་ལེགས་པོ་དང་།མི་རིགས་བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི།  མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་གྱི་བྱ་བ་གལ་ཆེན་ལ་འབྲེལ་བ་ དང་།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་བྱ་བ་འགངས་ཆེན་ལ་ འབྲེལ་བ།རྒྱལ་ཁབ་ཡུན་རིང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་གྱི་བྱ་བ་གལ་ཆེན་བཅས་ལ་འབྲེལ་ཡོད། ཏང་ཡོངས་ཀྱིས་རང་རྒྱལ་ནི་གཅིག་གྱུར་གྱི་ མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་གནས་ཚུལ་འདི་ཡིད་ལ་བརྟན་པོར་བཟུང་སྟེ།མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དེ་མི་རིགས་སོ་སོའི་ཆེས་མཐོ་བའི་ཁེ་ཕན་དུ་བཟུང་བར་རྒྱུན་འཁྱོངས་ངང་།མི་རིགས་སོ་ སོའི་བློ་རིག་དང་ནུས་ཤུགས་ཚད་མཐོན་པོས་གོང་བུར་སྒྲིལ་ཏེ།བློ་སེམས་མཐུན་པོ་ སྒོས"ལོ་བརྒྱ་བསྐོར་གཉིས"ཀྱི་ཧུར་བརྩོན་དམིགས་འབེན་མངོན་འགྱུར་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཉམས་གསོའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་ཡོང་ཆེད་ཧུར་ བརྩོན་བྱེད་དགོས།

   ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།ཀྲུང་གོ་གསར་བ་བཙུགས་ནས་ལོ༦༥ཡི་རིང་

ལ།ཏང་གི་མི་རིགས་གཞུང་ལུགས་དང་ཁ་ཕྱོགས་སྲིད་ཇུས་ཡང་དག་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡང་དག་ཡིན།  རང་རྒྱལ་མི་རིགས་བར་གྱི་འབྲེལ་བ་སྤྱིའི་ཆ་ནས་འཆམ་མཐུན་ཡིན། རང་རྒྱལ་གྱི་མི་ རིགས་བྱ་བར་རྒྱལ་ཁའི་གྲུབ་འབྲས་ཐོབ་ཡོད།དུས་མཚུངས་སུ། ང་ཚོའི་མི་རིགས་བྱ་བ་ དེ་ཡང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བར་འཕྲད་ཡོད།མི་རིགས་བྱ་བ་ལེགསཔོར་སྒྲུབ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ འགྲོ་ལམ་ཡང་དག་ལ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་པ་དང་།གསར་གཏོད་གསར་སྤེལ། དངོས་ཡོད་གཞིར་བཟུང་སྒོས། མཐོ་རིམ་ཇུས་འགོད་ལ་ཞིབ་ཚགས་དང་།  སྲིད་ཇུས་གཅིག་གྱུར་འཆར་འགོད་དམིགས་སར་འབྱོར་བ།བྱ་བ་བཀོད་སྒྲིག་བརྟན་པོ་བྱས་ཏེ།རིགས་སོ་སའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ཁས་ལེན་དང་།ཀྲུང་ཧྭ་མི་རིགས་ཁས་ལེན།ཀྲུང་ཧྭའི་རིག་གནས་ཁས་ལེན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཁས་ལེན་བཅས་ལ་ཤུགས་སྣོན་བྱེད་དགོས།མི་རིགས་ས་གནས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡང་དག་གྱི་ནང་དོན་གལ་ཆེན་ཡང་ཡིན།གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་།མི་རིགས་རྒྱུ་

རྐྱེན་དང་ས་གནས་རྒྱུ་རྐྱེན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ།རྩ་ཁྲིམས་དང་མི་རིགས་

ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་ཁེལ་དོན་འཁྱོལ་ལེགས་པོ་བྱེད་རྒྱུའི་གནད་འགག་ནི་རང་སྐྱོང་ས་ཁུལ་ལ་རོགས་རམ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་།  མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། 

  ཚོགས་འདུས་བསྟན་དོན།མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་

དམངས་ཀྱི་ཚེ་སྲོག་གི་སྦྲེལ་ཐག་ཡིན།མི་རིགས་བྱ་བ་ལེགས་སྒྲུབ་བྱེད་པའི་ཆེས་འགངས་ཆེན་གྱི་གནད་དོན་ནི་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་རྒྱུ་དང་།  ཆེས་ཕན་ཡོད་ཀྱི་བྱ་བ་ནི་མི་སེམས་བརྩོན་ལེན་བྱེད་པ་དེ་ཡིན།ཡང་དག་གིས་རང་རྒྱལ་གྱི་མི་རིགས་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་ངོས་ཟིན་དགོས་པ་དང་།མི་རིགས་མཐུན་སྒྲིལ་གྱི་བཟང་ཕྱོགས་ཀྱི་ཡོན་ཏན་ལ་མང་དུ་བལྟ་དགོས།མང་ཚོགས་ལ་མཐུན་སྒྲིལ་བྱེད་མཁས་པ་དང་།མི་སེམས་བརྩོན་ལེན་བྱེད་མཁས་པ།སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་

འབྲེལ་འདྲིས་དང་།གསོ་སྐྱོང་།དུང་བརྩེ་མཉམ་མཐུན་ཀྱི་བྱ་བ་སྤེལ་དགོས།རིགས་སོ་

སོའི་འབྲེལ་བ་དང་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ།བར་ཁྱད་ལ་བརྩི་བཀུར་དང་།  སྣ་མང་ལ་བཟོད་སྒོམ་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་གཞིས་ཁྱིམ་ཆེན་མོའི་ནང་སྤུན་ཟླའི་གདུངས་སེམས་དང་དཔུང་སྦྲེལ་གཞོགས་འདེགས་ཀྱི་མཛའ་བརྩེ་ཆགས་སུ་འཇུག་

དགོས།བརྒྱུད་རིམ་དང་བྱེད་ཐབས་གསར་བ་སྤྱད་དེ་རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་།ལོ་རྒྱུས་ཀྱི་ལྟ་བ།མི་རིགས་ཀྱི་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས།ཁྲིམས་ལུགས་བེད་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱས་ཏེ།རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་

དགོས།བློ་ཐག་རྦད་ཆོད་ཀྱིས་རྒྱ་རིགས་ཆེན་མོ་རིང་ལུགས་དང་གུ་དོག་པོའི་མི་རིགས་རིང་ལུགས་ལ་ངོ་རྒོལ་དང་།རང་འགུལ་གྱིས་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ་གྱི་སྤྱིའི་གནས་ཚུལ་ལ་སྲུང་སྐྱོང་བྱེད་དགོས། 

   ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།  ཀྲུང་གོ་གསར་བ་བཙུགས་པ་ནས་ བཟུང་།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  ཡིན་ནའང་མི་རིགས་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ལ་དཀའ་ཁག་ཆེ་བ་དང་།  དཀའ་ཁག་ཅན་གྱི་མང་ཚོགས་མང་པས།རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་འབྱུང་བར་དཀའ་ཁག་ཅུང་

ཆེ་ལ།ངེས་པར་དུ་འཕེལ་རྒྱས་ཇེ་མགྱོགས་དང་།ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་དགོས།ཀྲུང་དབྱང་དང་།དར་རྒྱས་ས་ཁུལ།མི་རིགས་ས་ཁུལ་གསུམ་

གྱི་དགེ་མཚན་རང་བཞིན་འདོན་སྤེལ་བྱས་ནས།མཐའ་མཚམས་ས་ཁུལ་དང་།དབུལ་

ཕོངས་ས་ཁུལ།སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་ལ་ཁྱད་པར་ཅན་གྱི་ས་གནས་སྲིད་ཇུས་ལག་བསྟར་དང་།གནས་སྤོ་གཏོང་སྤྲོད་དང་ཁ་སྤྲོད་རོགས་སྐྱོར་གྱི་སྒྲིག་སྲོལ་ནང་རྐྱེན་ཇེ་

ལེགས་སུ་བཏང་སྟེ།སྲིད་ཇུས་ཀྱི་འགུལ་ཤུགས་དང་ནང་ཡོད་ནུས་ཤུགས་ཟུང་འབྲེལ་

དམ་ཚགས་བྱེད་དགོས།མི་དམངས་ཀྱི་འཚོ་བའི་འཕེལ་རྒྱས་དང་ཟུང་འབྲེལ་དམ་པོར་བྱས་ནས།ལས་ཞུགས་དང་སློབ་གསོ་གཙོ་གནད་དུ་འཛིན་དགོས།ཐོན་ཁུངས་ཀྱི་ཁྱད་

འཕགས་དགེ་མཚན་འདོན་སྤེལ་བྱས་ནས།ས་གནས་ལ་ཕན་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་པའི་བྱ་བ་གཙོ་གནད་དུ་འཛིན་རྒྱུ་དང་།དབུལ་སྐྱོར་གསར་སྤེལ་ལེགས་པོར་

སྒྲུབ་ནས།དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ལས་དོན་གཙོ་གནད་དུ་འཛིན་དགོས།  མཐའ་མཚམས་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ།  རྨང་གཞིའི་སྒྲིག་བཀོད་དང་ཕྱི་ཕྱོགས་སྒོ་འབྱེད་གཙོ་གནད་དུ་འཛིན་དགོས། 

ཚོགས་འདུས་བསྟན་དོན།  མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་

རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་ནི།ཀྲུང་དབྱང་གི་གཞི་རྩའི་ཁ་ཕྱོགས་ཡིན།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དམིགས་འབེན་དང་དམ་པོར་འབྲེལ་ནས།རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་གསར་བ་དང་བསྟུན་ཏེ།བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་།རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཧུར་ཐག་

རང་བཞིན་སྐུལ་སློང་བྱས་ཏེ།ཚོང་རའི་འཕེལ་ཤུགས་དང་སྤྱི་ཚོགས་ཡོངས་ཀྱི་གསར་

གཏོད་གསར་སྤེལ་གྱི་སྤྲོ་སེམས་སྐུལ་སྤེལ་བྱེད་དགོས།མི་རིགས་ས་ཁུལ་གྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱས་ནས། ཕྱོགས་སོ་སོའི་རྒྱབ་སྐྱོར་ནུས་ཤུགས་ཇེ་ཆེར་བཏང་སྟེ།  རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་།འཕེལ་རྒྱས་ནང་ཡོད་ནུས་

ཤུགས་ཕྱིར་འདོན་བྱ་དགོས།སྤྱི་ཚོགས་ལས་དོན་འཕེལ་རྒྱས་བཏང་སྟེ།མི་དམངས་ཀྱི་

འཚོ་བ་ཇེ་ལེགས་སུ་གཏོང་བར་སྔར་ལས་མཐོང་ཆེན་བྱེད་པ་དང་།དྲང་སྙོམས་དྲང་

བདེན་སྐུལ་སྤེལ་བྱེད་དགོས།ཤུགས་ཆེན་པོས་མི་རིགས་རིག་གནས་བརྒྱུན་འཛིན་དང་

དར་སྤེལ་བྱས་ནས།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་བསམ་བློའི་འགུལ་ཤུགས་རྒྱ་ཆེར་འདོན་སྤྲོད་བྱེད་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ།  བསྟུད་མར་འཕེལ་རྒྱས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས། 

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།  རྨང་གཞིའི་སྒྲིག་བཀོད་དང་དབུལ་  སྐྱོར་གསར་སྤེལ།གྲོང་ཁྱེར་ཅན་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེམི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་ནང་ཡོད་ཀྱི་ནུས་ཤུགས་གློད་བགྲོད་མེད་པར་འདོན་དགོས།རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་གཙོ་བོར་ཆུ་དང་ལམ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན།མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་

འཛུགས་སྐྲུན་བྱེད་པར་ཕྱི་ནང་སྦྲེལ་བའི་"བགྲོད་ལམ་ཆེན་པོ"ཕྱེ་དགོས་པར་མ་ཟད། "བགྲོད་ལམ་ཆེན་པོ"དང་འབྲེལ་བའི"སྡོད་རྩ"དང་"ཁྲག་རྩ་ཕྲ་མོར"ཡང་ཤར་རྒྱུགས་བྱེད་ཐུབ་དགོས།འཐུང་ཆུ་འདྲེན་པའི་གལ་ཆེའི་བཟོ་སྐྲུན་དང་ཆུ་མཛོད་ཆེན་མོ།ཆུ་ལམ་གྱི་དྲ་རྒྱ་གཙོ་བོར་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་ས་གནས་ཀྱི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཡོངས་ནས་ཞིང་གྲོང་གི་འཐུང་ཆུའི་བདེ་ཐང་གནད་དོན་ཐག་གཅོད་བྱེད་དགོས།དབུལ་སྐྱོར་མཁྲེགསགཏོར་བྱ་བ་ཡང་དག་སྒྲུབ་

དགོས།མི་རིགས་ས་ཁུལ་ནི་དབུལ་སྐྱོར་བྱ་བའི་འཐབ་ར་གཙོ་བོ་ཡིན་པ་དང་། བསམ་བློ་གསར་བ་དང་ནང་རྐྱེན་གསར་པའི་སྒོ་ནས་སྤྱིའི་དབུལ་སྐྱོར་གྱི་བྱ་བ་ཡོངས་

ཁུལ་ནས་སྐུལ་སྤེལ་དང་འཁྱོལ་བ་མེད་པར་ཏན་ཏིག་གིས་ཁྱིམ་ཚང་རེར་ཐོན་པར་

ཟུང་འབྲེལ་བྱས་ཏེ།མགྱོགས་མྱུར་གྱིས་ཕྱོགས་བསྡུས་མུ་སྦྲེལ་དང་དཀའ་ཁག་འབུར་

ཐོན་ཅན་གྱི་ས་ཁུལ་འཕེལ་རྒྱས་དང་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱས་ནས་དབུལ་

སྐྱོར་ནུས་ཤུགས་མཐོར་འདེགས་གཏོང་དགོས།མི་རིགས་ས་ཁུལ་གྲོང་རྡལ་ཅན་དུ་

འགྱུར་བར་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟེན་

གཞིའི་གནས་ས་དང་འགྲིམ་འགྲུལ་གཙོ་བོའི་ལམ་རྒྱུད་དུ་འཆར་འགོད་འཛུགས་

སྐྲུན་བྱེད་པར་ཟུང་འབྲེལ་དང་།ཞིང་ལས་དེང་རབས་ཅན་དུ་བསྒྱུར་པར་ཟུང་འབྲེལ་

དམ་ཟབ་བྱེད་དགོས་པར་མ་ཟད།ད་དུང་ཁྱད་འཕགས་ཀྱི་ས་བབ་དང་རིག་གནས་ཁྱད་ཆོས་ཅན་བེད་སྤྱད་ནས།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ཐོན་ཞིང་སྡེ་སྐོར་ཞིག་

འཆར་བཀོད་འཛུགས་སྐྲུན་བྱེད་དགོས།སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་དེ་གལ་ཆེའི་གོ་

རིམ་དུ་བཞག་སྟེ།མུ་མཐུད་དུ་མི་རིགས་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་བསྐྲུན་

གལ་ཆེན་བཙུགས་ནས། ཀྲུང་དབྱང་དང་ས་གནས་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ། སྐྱེ་ཁམས་ཁ་གསབ་སྟེར་བའི་ནང་རྐྱེན་གྱི་སྲིད་ཇུས་དངོས་འབེབས་བྱ་དགོས།   

ཚོགས་འདུས་བསྟན་དོན།དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤུགས་

ཆེན་ཀྱིས་འཕེལ་རྒྱས་སུ་བཏང་ནས་མི་རིགས་ས་ཁུལ་གྱི་རང་ལྕོགས་འཕེལ་རྒྱས་ནུས་

ཤུགས་ཇེ་ཆེརགཏོང་དགོས།ཁྱད་འཕགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལེགས་པོ་བྱས་ཏེ་ཐོན་ལས་སྒྲིག་གཞི་དོ་མཉམ་པར་སྐུལ་འདེད་ཀྱིས་ཞབས་ཞུའི་ལས་རིགས་

འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ།རིམ་བཞིན་དུ་ལྗོངས་རྒྱུའི་ལས་རིགས་དེ་མི་རིགས་ས་ཁུལ་གྱི་རྟེན་གཞིའི་ཐོན་ལས་གཙོ་བོར་འགྱུར་དུ་འཇུག་དགོས།མི་རིགས་ས་ཁུལ་གྱི་ཁྱད་ཆོས་རང་བཞིན་ལ་བསམ་བློར་ཞིབ་མོར་བཏང་སྟེ་ས་ཞིང་བེད་སྤྱོད་དང་། དངུལ་རྩའི་ཞབས་ཞུ།མ་རྩའི་ཚོང་ར་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་བར་ཁྱད་ཅན་ལ་རྒྱབ་སྐྱོར་བྱ་དགོས།མི་རིགས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་ནི་དང་མཐར་ཐུག་ན་བཅོས་སྒྱུར་ནས་འཕེལ་རྒྱས་ལ་སྒུལ་ཤུགས་དང་འཕེལ་ཤུགས་སྣོན་དགོས་པ་དེ་ཡིན།མི་རིགས་ས་ཁུལ་དེ་ཡང་རྒྱལ་ཡོངས་དང་མཚུངས་པར་ཚང་མས་

བཅོས་སྒྱུར་ལམ་ལུགས་ལ་སྟོབས་ཤུགས་ཡོད་ཚད་ཕུལ་ནས་ཉེ་འགྲམ་ས་ཁུལ་གྱི་མཉམ་སྦྲེལ་མཉམ་འདྲེས་ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ་ཚོང་རའི་ནང་རྐྱེན་དང་མཚོ་འགྲམ་ས་ཁུལ་གཉིས་ཟུང་འབྲེལ་བྱེད་པ་བརྒྱུད་ཕན་ཚུན་རོགས་འདེགས་དང་མཉམ་ལས་མཉམ་རྒྱལ། མཉམ་གཅིག་ཏུ་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཡིན།

ཚོགས་འདུས་བསྟན་དོན།རྨང་གཞིའི་ཞབས་ཞུ་ཆ་སྙོམས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་གཙོ་བོར་བཟུང་ནས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་དགོས།  དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ནི་མི་རིགས་སོ་སོའི་མི་དམངས་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱེད་པ་དེ་ཡིན།དེ་བས།རྒྱུན་འཁྱོངས་ལྷོད་མེད་ཀྱིསའཕེལ་རྒྱས་དམ་འཛིན་བྱས་ཏེ་མུ་མཐུད་དུ་དཔལ་འབྱོར་གྱི་སྤྱི་འབོར་རྒྱ་

བསྐྱེད་ནས་དམངས་ཀྱི་འཚོ་བ་ལེགས་བཅོས་ལ་རྨང་གཞི་བརྟན་པོ་ཞིག་འཇོག་པར་མ་ཟད།སྤྱི་བའི་རྨང་གཞིའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་ཤུགས་ཆེན་གྱིས་སྐུལ་

འདེད་བྱས་ནས་སྤྱི་ཚོགས་འདྲ་མཉམ་སྐུལ་སྤེལ་བྱ་དགོས།སློབ་གསོར་གཏོང་བའི་མ་

དངུལ་དེ་མི་རིགས་ས་ཁུལ་དང་།མཐའ་མཚམས་ལ་ཕྱོགས་ཏེ།མགྱོགས་མྱུར་གྱིས་མི་

རིགས་ས་ཁུལ་གྱི་འགན་བབས་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དང་བཅའ་སྡོད་སློབ་གྲྭ་འཛུགས་བསྐྲུན་བྱེད་དགོས་ལ།འབྲིང་རིམ་ཆེད་སྦྱོང་སློབ་གསོར་རིན་སྟེར་མི་དགོས་པ་མངོན་འགྱུར་བྱས་ཏེ།མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གསོ་ལེགས་བསྒྲུབ་དང་།  སྐད་གཉིས་སློབ་གསོ་གོང་འཕེལ་དུ་གཏོང་དགོས།སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ།གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལ་མཁས་པའི་འཇོན་མི་རུ་

ཁག་འཛུགས་བསྐྲུན་བྱ་དགོས།སྔར་ལས་ལྷག་པའི་སྒོ་ནས་ཁསྤྲོད་རོགས་སྐྱོར་དང་

རོགས་སྐྱོར་ལ་ཤུགས་བསྣན་ཏེ།དམངས་འཚོ་ཇེ་ལེགས་སུ་གཏོང་བ་གཙོ་གནད་དུ་

བཟུང་ནས།རོགས་སྐྱོར་མ་དངུལ་གཙོ་བོ་དམངས་འཚོ་དང་གཞི་རིམ་ལ་བཀོད་སྤྱོད་

བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།མི་རིགས་ཀྱི་གནད་དོན་ཐག་གཅོད་

བཟང་པོར་བྱེད་པར།དངོས་པོའི་ཕྱོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་

པར་མ་ཟད། བསམ་བློའི་ཕྱོགས་ཀྱི་གནད་དོན་ཀྱང་ཐག་གཅོད་བཟང་པོར་བྱེད་དགོས། དར་ཆ་གསལ་བསྒྲེངས་ཀྱིས་ནོར་འཕྱུག་གི་བསམ་བློ་དང་འདུ་ཤེས་རིགས་ལ་ངོ་རྒོལ་

བྱས་ནས།རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བཟང་ངན་དབྱེ་འབྱེད།རྒྱལ་ཁབ་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས་ཀྱིས་བསམ་བློའི་སུམ་འཛུལ་ལ་འགོག་རྒོལ་བྱེད་པའི་ནུས་ཤུགས་མཐོར་འདེགས་གཏོང་དགོས།ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་རྒྱང་རིང་དང་རྩ་བའི་གནས་དོན་ནི་རིག་གནས་ཀྱི་ཁས་ལེན་ཡིན་ཞིང་།རིགས་སོ་སོའི་མི་

དམངས་ལ་དབང་བའི་བསམ་བློའི་ཁྱིམ་གཞི་བསྐྲུན་པར་ཤུགས་བསྣན་ཏེ་ཀྲུང་ཧྭ་མི་

རིགས་ཀྱི་སྤྱི་མཐུན་འདུ་ཤེས་ཆགས་པར་ཧུར་བརྩོན་གྱིས་གསོ་སྐྱོང་བྱེད་དགོས།  རིགས་སོ་སོའི་ཐུན་མོང་གི་བསམ་བློའི་ཁྱིམ་གཞི་འཛུགས་བསྐྲུན་བྱེད་པ་དེ་འཐབ་ཇུས་འོས་འགན་དུ་བཟུང་ནས།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དམ་འཛིན་སྒོས་ཀྲུང་ཧྭ་ལ་དགའ་བའི་ས་བོན་དེ་བྱིས་པ་རེ་རེའི་སེམས་ཁོངས་སུ་གཏོར་དགོས་ཤིང་།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་ཚུལ་དེ་མེས་རྒྱལ་གྱི་མི་རབས་རྗེས་མའི་སེམས་     ཁོངས་སུ་རྐང་ཚུགས་ཏེམྱུ་གུ་འབུས་པར་བྱེད་དགོས།རིགས་སོ་སོའི་སྲོལ་རྒྱུན་རིག་

གནས་ལ་སྲུང་སྐྱོབ་དང་གོང་སྤེལ་བྱས་ཏེ།སྙིགས་དོར་བཅུད་ལེན་དང་།རྙིང་ཚབ་གསར་བརྗེ་བྱས་ནས་ཧུར་བརྩོན་གྱིས་གསར་བཟོ་ཅན་དང་གསར་གཏོད་ཀྱི་འཕོ་འགྱུར་

འཕེལ་རྒྱས་མངོན་འགྱུར་བྱ་དགོས།སྐད་གཉིས་སློབ་གསོ་དང་།དད་ལྡན་མང་ཚོགས་ཀྱི་བྱ་བ།གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཤེས་ལྡན་མི་སྣའི་བྱ་བ་དག་ཧུར་བརྩོན་གྱིས་

བསྒྲུབ་དགོས།

ཚོགས་འདུས་བསྟན་དོན།བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས་བཟུང་།རང་རྒྱལ་གྱི་རིགས་སོ་སོ་མང་ཚོགས་མངའ་ཁོངས་ལས་བརྒལ་ཏེ་བསྐོར་སྐྱོད་ཆེན་པོ་བྱེད་པའི་དུས་སྐབས་ལ་སླེབས་པས།གྲོང་ཁྱེར་གྱི་མི་རིགས་བྱ་གཞག་བསྒྲུབ་པ་སྔར་ལས་འགངས་ཆེའི་གནས་སུ་གྱུར་ཡོད།གྲངས་ཉུང་མི་རིགས་ཀྱི་བསྐོར་སྐྱོད་མི་གྲངས་ལ།"སྒོ་རྒྱག་

རིང་ལུགས"ཀྱི་རྣམ་འགྱུར་འཛིན་མི་རུང་ལ།རང་དབང་བཀག་མེད་ཀྱི་བྱ་ཐབས་ཡང་འཛིན་མི་རུང་།གཙོ་བོ་ནི་བསྐོར་སྐྱོད་མི་སྣ་ཕྱིར་འབུད་ཡུལ་གྱི་ས་གནས་དང་ཕྱིར་

བུད་དེ་སླེབས་སའི་ས་གནས་གཉིས་ཀྱི་འབྲེལ་གཏུག་བྱ་བ་དམ་འཛིན་བྱ་དགོས། སྡོད་ཁུལ་ལ་ནུས་ཤུགས་གང་ཡོད་བཏོན་ནས་ཛཕན་ཚུན་ཟབ་ཞུགས་ཀྱི་སྤྱི་ཚོགས་

སྒྲིག་གཞི་དང་སྡོད་ཁུལ་ཁོར་ཡུག་འཛུགས་བསྐྲུན་བྱ་བར་སྐུལ་འདེད་དང་།མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆར་འགན་སྲུང་བྱས་ནས།གྲངས་ཉུང་མི་རིགས་ལ་སྣང་

ཆུང་དང་ཐབས་གཞན་སྤྱད་ནས་བརྙས་དམོད་བྱེད་པའམ།མི་རིགས་ཀྱི་བརྩེ་དུང་ལ་

གནོད་པའི་སྐད་ཆ་བཤད་པ་སོགས་བཅོས་སྒྱུར་དང་གཏན་འགོག་བྱས་ནས།གྲོང་ཁྱེར་དུ་ཞུགས་པའི་གྲངས་ཉུང་མི་རིགས་ལ་སྣེ་ཁྲིད་བྱས་ནས་རང་འགུལ་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་གྲོང་ཁྱེར་གྱི་དོ་དམ་གཏན་འཁེལ་བརྩི་སྲུང་བྱེད་པ་དང་།གྲོང་ཁྱེར་  ནང་དུ་གྲངས་ཉུང་མི་རིགས་མང་ཚོགས་འོང་བ་དང་གྲངས་ཉུང་མི་རིགས་མང་ཚོགསརྣམས་གྲོང་ཁྱེར་དང་འཚམ་པ་བྱེད་དགོས།

  ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།མི་རིགས་བྱ་བར་ལེགས་པོར་བསྒྲུབ་

པའིའགག་རྩ་ནི་ཏང་དང་།བསྒྲུབ་མཁན་གྱི་མི་ཡིན།ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་རྒྱུན་འཁྱོངས་དམ་པོར་བྱས་ཚེ།མི་གང་རུང་དང་ཆབ་སྲིད་ཀྱི་སྟོབས་

ཤུགས་གང་རུང་གིས་ང་ཚོའི་མི་རིགས་བར་ཀྱི་འབྲེལ་བ་ལ་ཕྲ་མའི་ཕུང་སྤྲུགས་བྱེད་མི་ཐུབ་ལ།ང་ཚོའི་མི་རིགས་མཐུན་སྒྲིལ་ནི་ཆབ་སྲིད་སྟེང་གི་གཅིག་གྱུར་ཡིན་པས་ན་དེ་ལ་འགན་སྲུང་བརྟན་པོ་ཡོད།རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གིས་མི་རིགས་ལས་དོན་གྱི་བྱ་བ་དེ་གྲོས་རིམ་གཙོ་བོའི་ནང་དུ་འཇོག་དགོས་ཤིང་།ཆབ་སྲིད་ཀྱི་སྟེང་ནས་མི་རིགས་འབྲེལ་བ་དང་།མི་རིགས་གནད་དོན་ལ་གདེངས་ཚོད་ཡོད་དགོས།མི་རིགས་ས་ཁུལ་གྱི་ལས་བྱེད་བཟང་པོ་ཞིག་ཡིན་ཚེ།བདེན་རྫུན་དབྱེ་འབྱེད་ཀྱི་ལངས་ཕྱོགས་

ལྷག་པར་དུ་གསལ་དོད་དང་།མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལྷག་པར་དུ་བརྟན་པོ།རིགས་སོ་སོའི་མང་ཚོགས་ལ་བཅིངས་བའི་བརྩེ་དུངལྷག་པར་དུ་

རྣམ་དག་ཡིན་དགོས།སྤྱོད་ཡོན་གཉིས་ལྡན་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།  ཤུགས་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲིག་

བྱས་ཏེ། ཕུལ་བྱུང་ཅན་དག་མགོ་ཁྲིད་ཀྱི་ལས་གནས་གཙོ་བོའི་སྟེང་དུ་འཇོག་དགོས།   གྲངས་ཉུང་མི་རིགས་ཀྱི་ལས་བྱེད་དང་ཡང་ན་རྒྱ་རིགས་ལས་བྱེད་གང་ཡིན་ཡང་།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གཙོ་བོར་འཛིན་དགོས་ཤིང་།མི་རིགས་སོ་སོའི་མི་

དམངས་ཀྱི་བདེ་སྐྱིད་སྙིང་ཁོངས་སུ་བཅུག་སྟེ།བློ་སེམས་གཅིག་སྒྲིམ་གྱིས་བྱ་བ་ལེགས་སྒྲུབ་བྱེད་དགོས།མི་རིགས་ས་ཁུལ་ཀྱིས་གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ།ལས་བྱེད་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣོན་བྱེད་

དགོས།ཏང་ཨུས་སྣེ་ཁྲིད་དང་།སྲིད་གཞུང་གིས་འགན་ཁུར།འབྲེལ་ཡོད་སྡེ་ཁག་གིས་

མཉམ་འབྲེལ་གཞོགས་འདེགས།སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་ཡོད་ཚད་མཉམ་འབྲེལབྱེད་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་བ་ཞིག་ཆགས་ཏུ་བཅུག་ནས།དམངས་ཨུའི་སྒྲིག་སྲོལ་ལམ་ལུགས་རྒྱུན་འཁྱོངསའཐུས་ཚང་དུ་གཏོང་དགོས།

ཚོགས་འདུས་བསྟན་དོན།ཞིས་ཅིན་ཕིན་གྱི་གལ་ཆེའི་གཏམ་བཤད་ཀྱིས་ཁྱོན་

ཡོངས་དང་འཐབ་ཇུས་ཀྱི་ལངས་ཕྱོགས་ནས།མི་རིགས་ལས་དོན་ཀྱི་ཁ་ཕྱོགས་

དང་བགྲོད་ལམ།གཞུང་ལུགས་དང་སྲིད་ཇུས།སྒྲིག་སྲོལ་དང་ཁྲིམས་ལུགསབྱ་བ་དང་

ལག་བསྟར་སོགས་ཀྱི་གནད་དོན་གལ་ཆེན་ལ་འགྲེལ་བཤད་གསལ་བོ་བྱས་པ་ནི།

བསམ་བློའི་སྟེང་གི་གཏིང་ཟབ་རང་བཞིན་དང་།སྲིད་ཇུས་ཀྱི་སྟེང་གི་རང་བཞིནཧ་

ཅང་གསལ་པས།གནས་བབས་གསར་བའི་འོག་གི་མི་རིགས་ལས་དོན་ཀྱི་སྲོག་ཡིག་

རང་བཞིན་གྱི་ཡིག་ཆ་ཡིན།ལིས་ཁི་ཆང་གི་གལ་ཆེའི་གཏམ་བཤད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་དམིགས་འབེན་གཞིར་བཟུང་ནས།  མགྱོགས་མྱུར་གྱིས་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གལ་ཆེའི་བྱེད་ཐབས་དང་།  གལ་ཆེའི་བཀོད་སྒྲིག གལཆེའི་འགན་ཁུར་གང་མང་ཞིག་གསལ་བར་བཏོན་ཡོད་པས།  དམིགས་གཏད་རང་བཞིན་དང་བཀོད་སྤྱོད་རང་བཞིན་ཧ་ཅང་ཆེ།ཚོགས་འདུའི་

དགོངས་དོན་ཁོངས་སུ་ཆུད་པ་བྱས་ནས།ཀྲུང་དབྱང་གིས་མི་རིགས་ལས་དོན་ཀྱི་ཁ་

ཕྱོགས་གཙོ་བོ་ལ་བསམ་བློ་དང་ངེས་ཤེསབྱ་སྤྱོད་གཅིག་གྱུར་བྱ་དགོས།གལ་ཆེའི་

མངའ་ཁོངས་འབུར་ཐོན་སྒོས།ཐབས་རྒྱ་ཇུས་སྟོང་གིས་རིགས་སོ་སོའི་མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་གྱི་   སྲིད་ཇུས་རང་བཞིན་གྱི་ཐག་གཅོད་དངོས་འབེབས་བྱ་དགོས།མི་རིགས་མཐུན་སྒྲིལ་གྱི་བྱེད་ཐབས་ཏན་ཏན་ཏིག་ཏིག་གིསབརྟན་བརླིང་ངང་དོན་འཁྱོལ་ཡོང་པར་བརྩོན་

ལེན་བྱེད་དགོས།ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས།མི་རིགས་བྱ་གཞག་གི་

ཁྲིམས་སྐྱོང་རང་བཞིན་གཏིང་ཟབ་དང་ལེགས་བསྒྲུབ་བྱ་དགོས།ཕྱོགས་སོ་སོའི་ནུས་

ཤུགས་གཅིག་ཏུ་སྦྲེལ་ཏེ།ཚོགས་འདུའི་དགོངས་དོན་མཐའ་འཁྱོལ་བར་བྱེད་པའི་སྒྲིག་གཞི་ལེགས་པོ་ཞིག་ཆགས་སུ་འཇུག་དགོས།

   ཚོགས་འདུས་རེ་བ་བཏོན་པ་ནི།ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི

མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུ་ཅི་བློ་མཐུན་ཞི་ཅིན་ཕིན་ གཙོར་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་

གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ལམ་ཡང་དག་པར་བགྲོད་

པ་དང་དམངས་སེམས་གཅིག་སྦྲེལ་དང་ལྷོད་མེད་བརྩོན་ལེན་གྱི་སྒོ་ནས་མི་རིགས་

མཐུན་སྒྲིལ་གྱི་བྱ་གཞག་ཕྱོགས་ཡོངས་ནས་མདུན་སྐྱོད་ཀྱི་ལམ་དུ་སྐུལ་འདེད་གཏོང་དགོས་སོ།

 

མཚོ་སྔོན་ཞིང་ཆེན་མི་རིགས་བྱ་བའི་གྲོས་ཚོགས་དང་མི་རིགས་    མཐུན་སྒྲིལ་ཡར་རྒྱས་གོང་སྤེལ་སྔོན་ཐོན་ཁུལ་གསར་སྐྲུན་བྱ་  བའི་གཟེངས་བསྟོད་གྲོས་ཚོགས་ཀྱི་དགོངས་དོན།

 

ཟླ2པའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་དང་མི་   རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་བྱ་བའི་གཟེངས་བསྟོད་གྲོས་

ཚོགས་དེ་ཟི་ལིང་དུ་བསྡུས།

ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་      ཚོགས་ཆེན་གྱི་རྒྱུན་ཨུའི་ཀྲུའུ་རིན་ལོ་ཧེ་ཉིན་གྱིས་ཚོགས་འདུའི་སྟེང་གལ་ཆེ་བའི་    གསུང་བཤད་གནང་སྟེ།ཉེ་བའི་ལོ་འདི་དག་གི་ནང་རང་ཞིང་གི་མི་རིགས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་།ཀྲུང་དབྱང་མི་རིགས་བྱ་བའི་

གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བྱེད་པར་དམིགས་ནས་ད་ལྟ་དང་མ་འོངས་བའི་དུས་སྐབས་ནང་རང་ཞིང་གི་མི་རིགས་བྱ་བ་ཇི་ལྟར་ལག་བསྟར་བྱེད་པའི་ཐད་ལ་

བཀོད་སྒྲིག་བྱས།ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་སྲིད་

གཞུངགི་འགོ་འཛིན་པ་ཧོ་ཕིན་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་

མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་པའི་གཏམ་བཤད་གནང་།ཞིང་ཆེན་ཨུ་ཡོན་

ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཕྱོགས་བསྡོམས་གཏམ་བཤད་གནང་། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དར་རྒྱས་གོང་སྤེལ་གྱི་དཔེ་

ལེགས་ཚོགས་པ50དང་དཔེ་ལེགས་མི་སྣ55ལ་གཟེངས་བསྟོད་བྱས་པ་དང་།ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ལུའུ་ཀྲི་ཆིང་གིས་གཟེངས་བསྟོད་བྱ་བའི་གཏན་འབེབས་ཡིག་ཆ་དྲིལ་སྒྲོག་བྱས།

ཚོགས་འདུས་བསྟན་དོན།ན་ན་ནིང་གི་ཟླ9པའི་ཟླ་མཇུག་བསྡུས་པའི་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་སྟེང་

དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ལམ་རྡོ་རིང་བཙུགས།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་ཚོགས་ཐོག་ཏུ་གཏམ་བཤད་གལ་ཆེན་གནང་།འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་བྱ་བའི་གནས་བབ་གསར་པ་དང་ཁྱད་ཆོས་གསར་བའི་གནད་དོན་ལ་

ཚན་རིག་གིས་དབྱེ་ཞིབ་བྱས་པ་དང་།བརྒྱུད་རིམ་ལྡན་པའི་སྒོ་ནས་མི་རིགས་བྱ་བའི་

གལ་ཆེའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གསལ་བཤད་བྱས་ཏེ།དུས་རབས་གསར་བའི་མི་རིགས་བྱ་བར་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་པོ་ཞིག་བསྟན། ཙུང་ལུ་

ལིས་ཁི་ཆིང་གིས་གལ་ཆེའི་གཏམ་བཤད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་

ཚོགས་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་མི་རིགས་ས་ཁུལ་གྱི་

འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་གལ་ཆེན་དང་འགན་ཁུར་

གཙོ་བོ་བཏོན།ཡུས་ཀྲིན་ཧྲིན་གྱིས་ཕྱོགས་བསྡོམས་ཀྱི་གཏམ་བཤད་གནང་པ་དང་།  ནུས་ཤུགས་གཅིག་བསྡུས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་

པར་བླང་བྱ་གསལ་བོར་བཏོན།ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་གཉིས་གཅིག་གྱུར་གྱིས་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བླང་བྱ་སྟེང་བབ་ནས་རྣམ་པ་གསར་

བའི་འོག་གི་མི་རིགས་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ནོར་བ་མེད་པར་ཁོང་དུ་ཆུད་

པར་བྱས་ཏེ། མུ་མཐུད་དུ་རང་ཞིང་གི་མི་རིགས་ལས་དོན་ལེགས་པོར་བསྒྲུབ་དགོས།

ཚོགས་འདུས་བསྟན་དོན། རང་ཞིང་ནི་མི་རིགས་མང་བའི་ས་ཁུལ་ཞིག་ཡིན་ པས།མི་རིགས་བྱ་བ་ལེགས་སྒྲུབ་བྱ་རྒྱུ་ནི་སྤྱི་ཡོངས་དང་།རྒྱང་རིང་།རྩ་བའི་གནད་དོན་བཅས་ལ་འབྲེལ་ཡོད།2013ལོ་ནས་བཟུང་།ང་ཚོས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གོང་སྤེལ་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིགདམིགས་ཡུལ་ཡོད་པའི་སྒོ་ནས"བྱེད་ཐབས་བཅུ་"སྤྱད་ནས།རྩ་ལག་མཉམ་བཅོས་

ལ་མཐོང་ཆེན་བྱས་ཤིང་།ཤུགས་ནུས་ཀྱིས་གནད་དོན་ཐག་གཅོད་པ།"མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་།མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ"ཀྱི་དྲང་ཕྱོགས་

ནུས་པ་གོང་བུར་སྒྲིལ་ནས།འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་། སྔོན་ཐོན་ཁུལ་གསར་སྐྲུན་བྱས་པ་དེས།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོན་ཡོད་པ་དང་།ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བར་ཡུལ་

ཁམས་གསར་བ་ཞིག་གསར་གཏོད་བྱས་ཡོད།

ཚོགས་འདུའི་སྟེང་ནན་གྱིས་བཤད་དོན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཡང་དག་གི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ།མི་རིགས་བྱ་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིད་ལ་དམ་པོར་འཛིན་དགོས།ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ།མཐོ་སྒང་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་ཁྱད་རྟགས་ཚང་མ་

རང་ཞིང་ལ་འཛོམས་ཡོད་པས།ཁ་བྲལ་འཐབ་རྩོད་ལས་གཞན་ད་དུང་སྤྱི་ཚོགས་ཀྱི་རྩ་བའི་འགལ་བ་དང་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་བ་གཉིས་ལྷན་དུ་འདུས་ཡོད། རྣམ་པ་གསར་བའི་འོག་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་གཞི་རྩ་ནི་བློ་བརྟན་

འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་པའི་ལམ་དུ་བསྐྱོད་ནས།རིགས་སོ་སོའི་མི་དམངས་ཀྱི་རླབས་ཆེ་བའི་མེས་རྒྱལ་ལ་

ཁས་ལེན་དང་། ཀྲུང་ཧྭ་མི་རིགས་ལ་ཁས་ལེན། ཀྲུང་ཧྭའི་རིག་གནས་ལ་ཁས་ལེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཁས་ལེན་བྱེད་དུ་

འཇུག་རྒྱུ་དེ་ཡིན།མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་

ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་པའི་བགྲོད་ལམ་གྱི་ནང་དོན་

གཙོ་བོ་ཡིན།གཅིག་གྱུར་དང་རང་སྐྱོང་། མི་རིགས་རྒྱུ་རྐྱེན་དང་ས་ཁོངས་ཀྱི་འབྲེལ་བ་

ཡང་དག་གིས་ཐག་གཅོད་བྱས་ཏེ།ཁྲིམས་བརྟེན་རང་སྐྱོང་འགན་དབང་ལག་ལེན་དང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་གཉིས་གཅིག་མཐུན་དང་། མི་རིགས་བྱ་བ་དང་སྤྱི་བཀོད་བྱ་བ་གཉིས་གཅིག་མཐུན་དུ་སྒྲུབ་དགོས། 

ཚོགས་འདུས་བསྟན་དོན། དམངས་ཀྱི་འཚོ་བ་ལེགས་སྒྱུར་དང་མི་རིགས་ས་  ཁུལ་གྱི་འཕེལ་རྒྱས་སྐུལ་སྤེལ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས།ཁྱོན་ཡོངས་ནས་

འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གོམ་འགྲོས་ཇེམགྱོགས་སུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་དཔལ་

འབྱོར་དང་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་པར་སྐུལ་འདེད་བྱེད་པ་

དང་།སྲུང་སྐྱོབ་དང་འཕེལ་རྒྱས།དམངས་འཚོ་བཅས་ཀྱི་འབྲེལ་བ་ཐག་གཅོད་ལེགས་

པོར་བྱས་ཏེ།ཐོན་ལས་སྒྲིག་གཞི་དང་།ཐོན་སྐྱེད་ཁ་ཕྱོགས།འཚོ་བ་རོལ་སྟངས་ཆགས་སུ་བཅུག་ནས།སྐྱེ་ཁམས་མཛེས་སྡུག་ལྡན་པ།དཔལ་འབྱོར་ལ་འཕེལ་རྒྱས་ཡོད་པ།མང་

ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཟུང་འབྲེལ་གྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་སྤྱི་ཁོག་ནས་ཞིང་ཆེན་ཡོངས་དང་མཉམ་གཅིག་ཏུ་འབྱོར་འབྲིང་དུ་བསྐྱོད་པར་ཁག་ཐེག་བྱ་དགོས།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྣམ་པ་གསར་བའི་གྲོང་ཁྱེར་ཅན་

འཛུགས་སྐྲུན་ལ་ཤུགས་སྣོན་པ་རྟེན་གཞི་བྱས་ནས།འགྲིམ་འགྲུལ་དྲ་རྒྱའི་སྒྲིག་བཀོད་

འཐུས་ཇེ་འཚང་དུ་གཏོང་པ།ཆུའི་ཐོན་ཁུངས་འགན་སྲུང་ནུས་ཤུགས་དངོས་ནས་ཇེ་

ཆེར་གཏོང་པ།ཤུགས་ཆེན་པོསཐོན་ཁུངས་ཀྱི་འགན་སྲུང་ཁྱོན་ཡོངས་ལ་ཁེབས་པར་

སྐུལ་འདེད་བྱེད་པ།ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་པ།ཞིང་གྲོང་གི་ཕྱོགས་བསྡུས་ཐེག་ནས་དང་རྒྱུན་བསྲིང་གི་འཕེལ་རྒྱས་ནུས་པ་མངོན་གསལ་དུ་ཇེ་

མཐོར་གཏོང་པ་བཅས་བྱས་ནས།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།འཁོར་བསྐྱོད་དཔལ་འབྱོར་དང་ཁྱད་འཕགས་ཐོན་ལས་

ཀྱི་འཕེལ་རྒྱས་གཙོ་བོར་བཟུང་སྟེ་ཕན་རྒྱ་ཆེ་བའི་སྐྱེ་ཁམས་ཞིང་ལས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་དང་།ཁྱད་འཕགས་དགེ་མཚན་ལྡན་པའི་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད།  རིག་གནས་ལྗོངས་རྒྱུའི་ལས་རིགས་གོང་སྤེལ།གཏེར་ཁ་སྔོག་འདོན་གྱི་ཆུ་ཚད་ཇེ་མཐོར་བཅས་བཏང་ནས་མི་རིགས་ས་ཁུལ་གྱི་རང་ལྕོགས་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།རྨང་གཞིའི་ཞབས་ཞུ་ཆ་སྙོམས་ཅན་གོང་སྤེལ་དུ་གཏོང་བ་གནད་སར་བཟུང་སྟེ། "ལྔ་ཡོད་"ཀྱི་དམིགས་འབེན་དང་ཟུང་འབྲེལ་གྱིས་ལས་     ཞུགས་ཡོང་སྒོའི་འཕར་སྣོན་ལ་དམ་འཛིན་དང་།སྤྱི་ཚོགས་འགན་སྲུང་གི་"བདེ་

འཇགས་དྲ་རྒྱ"འཛུགས་པ།སློབ་གསོའི་སྤུས་ཚད་ཤུགས་ཆེན་གྱིས་མཐོར་འདེགས་བྱེད་པ།སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ནུས་ཤུགས་མངོན་གསལ་གྱིས་ཇེ་མཐོར་

གཏོང་པ།དབུལ་སྐྱོར་མཁྲེགས་གཏོར་བྱ་བར་དམ་འཛིན་བཅས་ཀྱིས་མུ་མཐུད་དུ་

དམངས་འཚོའི་བྱ་བར་འགན་སྲུང་དང་ལེགས་བཅོས་བྱ་དགོས།སྐྱེ་ཁམས་ཁོར་ཡུག་

སྲུང་སྐྱོང་གི་བྱ་བ་རང་ཉིད་ཀྱི་འགན་ཁུར་དུ་བརྩིས་ཏེ།ཕྱོགས་ཡོངས་ནས་སྐྱེ་ཁམས་ཀྱི་གལ་ཆེའི་བཟོ་བཀོད་འཛུགས་སྐྲུན་དང་།སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བ་འབུར་

ཐོན་དུ་འཛིན་པ།དཔལ་ཡོན་ལྡན་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་བྱ་བ་བརྟན་བརླིང་

ངང་སྐུལ་སྤེལ་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་བཟོ་བཀོད་འཛུགས་སྐྲུན་དང་།སྐྱེ་ཁམས་ནང་རྐྱེན་གྱི་ཁ་གསབ་སོགས་ཐབས་ལམ་སྣ་ཚོགས་ནས་དབུལ་སྐྱོར་གསར་སྤེལ་དང་ལུས་

ཞུགས་ཡོང་སྒོ་འཕར་སྣོན་བཅས་ཀྱིས་མང་ཚོགས་ལ་དེ་ལས་ཀྱང་མང་བའི་སྐྱེ་ཁམས་

ཀྱི་ཁེ་ཕན་ལོངས་སུ་སྤྱོད་བཅུག་ཏེ་མི་རིགས་ས་ཁུལ་གྱི་རྒྱུན་བསྲིངས་འཕེལ་རྒྱས་ལ་

སྐུལ་འདེད་གཏོང་དགོས། གོང་འོག་ཟུང་འབྲེལ་ཀྱི་ནང་རྐྱེན་འགན་སྲུང་བྱས་ནས། མི་རིགས་ས་ཁུལ་གྱི་བར་ཁྱད་ཅན་གྱི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཆར་འགོད་

འཐུས་ཚང་དུ་གཏོང་བར་དམ་འཛིན་དང་ལེགས་བཅོས་བྱ་དགོས།མི་རིགས་ས་ཁུལ་

ནས་མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་བྱེད་པར་སྣེ་ཁྲིད་མཛད་དེ་ཕྱོགས་ཡོངས་

ནས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་བ་དང་།ཞིང་ཆེན་ཕྱི་ནང་དང་

རྒྱལ་ཁབ་ཕྱི་ནང་གི་འབྲེལ་བར་ཤུགས་བསྣན་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་

མཉམ་འབྲེལ་ནུས་ཤུགས་ཆེན་མོར་ཕྱོགས་བསྡུས་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར། མི་རིགས་སོ་སོའི་བསམ་བློ་བརྗེ་རེས་

དང་འབྲེལ་བ་ཇེ་དམ་དུ་གཏོང་དགོས་པ་དང་།སྟོབས་ཤུགས་གཅིག་སྒྲིལ་དང་བློ་

སེམས་ཡར་ཕྱོགས་ལ་ཤུགས་སྣོན་དགོས།མི་རིགས་ཕན་ཚུན་དབར་ཁ་གསབ་རང་

བཞིན་གྱི་སྤྱི་ཚོགས་སྒྲིག་གཞི་དང་སྡོད་ཁུལ་གྱི་ཁོར་ཡུག་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ས་ཁོངས་དང་ལས་རིགས་

ལས་བརྒལ་ཏེ་གོ་རིམ་བཞིན་འགྲོ་འོང་བྱེད་པ་སྟེ། ནང་ལོག་ས་ཁུལ་ལ་སློབ་སྦྱོང་དང་།  ངལ་རྩོལ་པ་ཕྱིར་གཏོང་།ཚོང་གཉེར་སོགས་ཀྱི་རྣམ་པས་ཕྱིར་འགྲོ་བ་ལ་རམ་འདེགས་བྱེད་དགོས་ལ།དེ་དང་ལྷན་དུ་ས་གནས་གཞན་གྱི་མང་ཚོགས་རྣམས་ཀྱིས་མི་རིགས་ས་ཁུལ་ནས་བྱ་བ་གཉེར་བ་དང་འཚོ་བ་རོལ་བར་ཁྲིད་སྟོན་བྱེད་དགོས། མི་རིགས་མང་

ཚོགས་ཀྱིས་མཉམ་འབྲེལ་སྒོས་བྱ་གཞག་གསར་སྤེལ་བྱེད་པ་དར་སྤེལ་གཏོང་དགོས།  དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བར་ཕན་ཚུན་སྐུལ་འདེད་དང་བསམ་བློ་བརྗེ་རེས་བྱས་ནས་སྡོད་ཁུལ་དང་ཞང་སྡེ་ལེགས་པོར་འཛུགས་བསྐྲུན་བྱེད་དགོས།  རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་བར་སེམས་མཐུན་གྲོགས་པོ་སྒྲིག་པ་དང་།  འཆམ་མཐུན་ཁྱིམ་མཚེས་བྱེད་པ།ཕན་ཚུན་དབར་རྒྱུས་ལོན།  ཕན་ཚུན་ལ་སློབ་སྦྱོང་།  ཕན་ཚུན་ལ་རོགས་རམབཅས་ཀྱིས་གཅིག་གྱུར་གྱི་ཁྱིམ་གཞིས་ཆེན་མོ་ནས་ཕན་ཚུན་བར་ལ་སྤུན་ཟླའི་མཛའ་མཐུན་དང་།དཔུང་སྦྲེལ་རོགས་རེས་བྱེད་པར་སྐུལ་འདེབས་བྱེད་དགོས།ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་གྱི་དཔེ་སྟོན་སྐྱེད་སྲིང་བྱེད་དགོས།ཧུར་བརྩོན་གྱིས་རྨང་གཞི་ཇེ་བརྟན་དང་།དམིགས་དཔེའི་བྱ་བ་དམ་འཛིན།  ཤུགས་རྐྱེན་རྒྱ་བསྐྱེད་གཏོང་བ་བཅས་ཀྱི་ཕྱོགས་སུ་ཤུགས་བསྣན་ཏེ། མི་རིགས་མཐུན་

སྒྲིལ་ཡར་རྒྱས་གོང་སྤེལ་འཛུགས་བསྐྲུན་བྱེད་སྒོ་ཚུལ་མཐུན་ཅན་དུ་འགྱུར་བ་དང་།  དངོས་ཡོད་ཅན་དུ་འགྱུར་བ། མང་ཚོགས་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་ནས་མུ་

མཐུད་དུ་གཞན་གྱི་ཡིད་དབང་འགུག་པའི་ནུས་པ་ཇེ་ཆེར་གཏོང་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།  མི་རིགས་མཐུན་སྒྲིལ་གྱི་དར་ཆ་    མཐོན་པོར་བསྒྲེང་སྟེ་མི་རིགས་སོ་སོར་ཐུན་མོང་ལ་དབང་བའི་བསམ་པའི་གཞིས་

ཁྱིམ་གསར་བཟོ་བྱེད་དགོས།ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་

རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་དགོས།ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སྐྱེད་སྲིང་དང་།རྒྱལ་གཅེས་རིང་ལུགས་དང་ལྷག་པར་དུ་

ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་རྒྱ་ཆེར་སྤེལ་དགོས།རིགས་སོ་སོའི་མི་དམངས་ལ་སྐྱིད་སྡུག་མཉམ་ཁུར།གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་བྱེད་པའི་འདུ་ཤེས་

སྲབ་མོ་འཇོག་དགོས།རང་འགུལ་གྱིས་རང་ཉིད་ཀྱི་ལས་དབང་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཉིས་མཉམ་དུ་དམ་པོར་སྦྲེལ་བ་དང་ནན་ཏན་གྱིས་ཤེས་རབ་དང་

སྟོབས་ཤུགས་དེ་མཛེས་སྡུག་གི་ཁྱིམ་གཞི་མཉམ་བསྐྲུན་བྱེད་པར་གོང་བུར་འགྲིལ་

དགོས།སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱིས་སྣེ་ཁྲིད་དེ་ཀྲུང་ཧྭ་རིག་གནས་ཀྱིས་ཁས་ལེན་པའི་རིག་གནས་ཇེ་སྤེལ་དུ་གཏོང་བའི་རྨང་གཞི་ཐོག་མི་རིགས་སོ་སོའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དང་།མི་རིགས་སོ་སོའི་རིག་

གནས་དེ་བརྒྱུན་འཛིན་སྲུང་སྐྱོབ་ཁྲོད་མཉམ་འབྲེལ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཀྱི་དོ་དམ་དབང་ཆ་དང་རང་

དབང་གི་ནུས་པ་ཁོང་དུ་ཆུད་དགོས་པ་དང་།འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་དགོས།རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཡིན་མིན་གྱི་དབྱེ་བ་འབྱེད་ཤེས་པ་དང་།དགྲ་འགོག་གི་བསམ་བློ་གཏིང་དུ་སིམ་པའི་འདུ་ཤེས་ལ་ཤུགས་སྣོན་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཀྱི་

བསམ་བློ་སྤེལ་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།  ཁྲིམས་སྐྱོང་གི་བསམ་བློ་དང་

རྣམ་པ་བེད་སྤྱད་དེ་མི་རིགས་ཆོས་ལུགས་ལས་གཉེར་གྱི་དོ་དམ་ནུས་པ་མཐོར་

འདེགས་སུ་གཏོང་དགོས།ནན་ཏན་སྒོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་

ལེན་མཐར་ཕྱིན་བྱས་ནས་བཅའ་ཁྲིམས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་

པོར་བསྒྲེང་བ་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་དགོས་ལ།  ཁྲིམས་ལྟར་མི་རིགས་ཆོས་ལུགས་རྒྱུ་རྐྱེན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་           དགོས།  "པན་མའི་ཉམས་མྱོང་"ཁྱབ་གདལ་དུ་བཏང་སྟེ།  ཕྱོགས་ཡོང་ནས་རང་  ཞིང་དང་སི་ཁྲོན།ཀན་སུའུ་ཞིང་ཆེན་གྱི་ས་མཚམས་ཀྱི"བདེ་འཇགས་དང་དར་སྤེལ་གྱི་བཟོ་སྐྲུན"ལ་སྐུལ་འདེད་གཏོང་དགོས།འབད་བརྩོན་གྱིས་ཤུགས་ཞན་སའི་མཚམས་ལ་ཤུགས་སྣོན་རྒྱག་པ་དང་།མི་དམངས་མང་ཚོགས་ལ་འབྲེལ་བ་དམ་ཟབ་ཀྱིས་མཐུན་

སྒྲིལ་བརྟན་བརླིང་གི་ལྕགས་རི་ཞིག་འཛུགས་དགོས།གྲོང་ཁྱེར་གྱི་མི་རིགས་བྱ་བ་ལ་དོ་

སྣང་དང་དམ་འཛིན་བྱས་ནས་སྡོད་ཁུལ་ལ་ཤུགས་སྣོན་རྒྱག་དགོས།གྲངས་ཉུང་མི་

རིགས་ཀྱི་སྐོར་སྐྱོད་མི་གྲངས་ཞབས་ཞུའི་དོ་དམ་ལ་ཤུགས་བསྣན་ཏེ་ཁྲིམས་འཛིན་ལྟ་

སྐུལ་དོ་དམ་ལས་ཁུངས།ཞབས་ཞུའི་ལས་ཁུངས་དང་ཞབས་ཞུའི་ལས་རིགས་ཀྱི་སྲིད་

ཇུས་དང་སྒྲུབ་ཚུལ་ཚད་ལྡན་དུ་གཏོང་དགོས།མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས།གྲོང་ཁྱེར་ནང་དུ་གྲངས་ཉུང་མི་རིགས་མང་ཚོགས་འོང་བ་དང་

གྲངས་ཉུང་མི་རིགས་མང་ཚོགས་རྣམས་གྲོང་ཁྱེར་དང་འཚམ་པ་བྱེད་དགོས།  ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་དད་ལྡན་མང་ཚོགས་ཀྱི་བྱ་བ་ལེགས་སྒྲུབ་

བྱེད་པར་མཐོང་ཆེན་བྱས་ནས་ཧུར་བརྩོན་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་བར་ཕན་ཚུན་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར། ཏང་གིས་མི་རིགས་བྱ་བ་ལ་དབུ་ཁྲིད་

པར་ཤུགས་སྣོན་བྱས་ནས།མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ལས་དོན་གོང་དུ་འཕེལ་

བར་འགན་ལེན་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་མི་རིགས་བྱ་བའི་གྲོས་རིམ་ཉིན་ཐོར་མཐོང་ཆེན་བྱེད་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་འཛུགས་བསྐྲུན་གཏིང་ཟབ་པོ་ཞིག་བྱེད་པར་དམིགས་ནས་ཕྱོགས་སོ་སོའི་

ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱེད་དགོས།སྔར་ལས་ལྷག་པས་ཏང་ཨུས་སྣེ་ཁྲིད་

དང་།སྲིད་གཞུང་གིས་འགན་ཁུར།འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་གཞོགས་

འདེགས།སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་ཡོད་ཚད་མཉམ་འབྲེལ་བྱེད་པའི་མི་རིགས་

ལས་དོན་གྱི་རྣམ་པ་གསར་བ་ཞིག་ཆགས་ཏུ་འཇུག་དགོས།"ལས་བྱེད་པ་བཟང་བོའི་

ཚད་གཞི་ལྔ"རྒྱུན་འཁྱོངས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་དཔུང་སྡེའི་

འཛུགས་བསྐྲུན་ལ་རྩ་བའི་དོ་དམ་དང་ཡུན་རིང་གི་དོ་དམ་བྱེད་དགོས།སྤྱོད་ཡོན་

གཉིས་ལྡན་ཅན་དང་ལས་གནས་དང་འཚམ་པའི་མི་ཞིག་བྱས་ནས་ཕྱོགས་བཞི་

མཚམས་བརྒྱད་ཀྱི་རིགས་སོ་སོའི་མི་རིགས་ལས་བྱེད་པ་རྣམས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པ་མངོན་འགྱུར་བྱེད་དགོས།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་

བསྟར་བྱ་འགུལ་གྱི་འབྲས་བུ་སྲ་བརྟན་དང་གོང་སྤེལ་བཏང་ནས་ཆབ་སྲིད་སྒྲིག་ཁྲིམས་དང་ལུགས་སྲོལ་འདུ་ཤེས་ཇེ་ཆེར་གཏོང་དགོས།ལས་བྱེད་གྱི་སྤྱོད་ལམ་ཇེ་བཟང་དུ་

བཏང་ནས་ཆབ་སྲིད་ཀྱིས་སྐྱེ་ཁམས་ལ་འགན་སྲུང་བྱེད་པའི་ལས་རིགས་གོམས་སྲོལ་

གྱིས་ལས་དོན་དེ་བདེ་ཐང་དང་བདེ་བླག་ངང་སྤེལ་བར་འགན་ལེན་དགོས།  ཤུགས་ཆེན་པོས་མི་རིགས་ས་ཁུལ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་རིག་གཞུང་གི་སྣེ་ཁྲིད་པ་སྐྱེད་སྲིང་བྱེད་དགོས་ལ་མི་སྣ་འཇོན་ཐང་ཅན་གྱི་བཟོ་བསྐྲུན་སྣ་ཚོགས་བརྒྱུད་དེ་ཤེས་ཡོན་ཅན་གྱི་དཔུང་སྡེ་ཕུལ་བྱུང་ཅན་གསོ་སྐྱོང་བྱེད་དགོས།མི་རིགས་ས་ཁུལ་དུ་བྱ་བ་གཉེར་བའི་རིགས་སོ་སོའི་ལས་བྱེད་པ་

རྣམས་ལ་ལྡབ་འགྱུར་གྱིས་ཐུགས་ཁུར་དང་གཅེས་སྤྲས་བྱེད་དགོས་པ་དང་།  "གཞི་གསུམ"འཛུགས་བསྐྲུན་དར་སྤེལ་དུ་བཏང་ནས་ཐོན་ཁུངས་བཀོད་སྒྲིག་སྣ་ཚོགས་གཞི་རིམ་རྨང་གཞིའི་བྱ་བའི་མངའ་ཁོངས་ལ་གཏོང་བར་ཁྲིད་སྟོན་བྱས་ནས་ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་གཏན་དུ་གཏོང་དགོས།

ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར།  ཚོགས་འདུའི་དགོངས་པ་སློབ་སྦྱོང་

དང་དྲིལ་སྒྲོག་བྱས་ནས་བྱང་ཆུབ་པར་བྱེད་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འོས་འགན་ཆེན་པོ་ཞིག་ཡིན། གོམ་གང་མདུན་སྤོས་ ཀྱིས་བསམ་བློ་གཅིག་གྱུར་བྱས་ཏེ་རིམ་པ་སོ་སོའི་ལས་བྱེད་པའི་བསམ་བློ་ཚོགས་འདུའི་དགོངས་དོན་ཐོག་ཏུ་གཅིག་གྱུར་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ལས་

དོན་སྒྲུབ་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ཡིད་ཆེས་ལ་སྐུད་འདེད་བཏང་ནས།  ཧུར་ཐག་གིས་འདུ་ཤེས་སྟེང་འཚམ་མཐུན་ཡིན་པ།ངེས་ཟིན་སྟེང་གོ་བ་ལོན་པ། ཐབས་ཇུས་སྟེང་འབྲས་བུ་ཐོབ་པ། བྱ་བའི་ཐོག་ནུས་ཤུགས་ཡོད་པ་བཅས་བྱེད་དགོས།  སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བརྗོད་བྱ་ལ་དམིགས་པ་དང་སྔོན་ཐོན་ཁུལ་གྱི་འཛུགས་བསྐྲུན་བྱ་འགུལ་ལ་ཤུགས་སྣོན་དགོས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མི་རིགས་ལས་དོན་ལ་བཏོན་པའི་སྤྱིའི་བླང་བྱ་དང་ཐབས་ཇུས་ བཀོད་སྒྲིག་གཞིར་བཟུང་ནས་གཙོ་གནད་འཛིན་པ་དང་། གནད་དོན་གཅིག་བསྡུས།  གང་ལ་གང་བསྟུན།གསར་སྤེལ་ལག་བསྟར་བཅས་བྱེད་དགོས།སྔར་ལས་ལྷག་པའི་སྒོ་

ནས་འགན་ལེན་འདུ་ཤེས་ཇེ་ཆེར་བཏང་ནས་བྱ་བའི་ནུས་ཤུགས་གཅིག་སྒྲིལ་སྒོས་

དངོས་དོན་གཉེར་བའི་སྤྱོད་ཚུལ་ལེགས་པོ་དང་བརྟན་པོའི་སྒོ་ནས་རང་ཞིང་གི་མི་

རིགས་མཐུན་སྒྲིལ་ཡར་རྒྱས་གོང་སྤེལ་ལས་དོན་དེ་གོ་རིམ་གསར་བ་ཞིག་ལ་འཕེལ་

རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

 

བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ནས་རྨ་ལྷོ་བོད་རིགས་རང་སྐྱོང་

ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལ་འཕེལརྒྱས་

དང་གྲུབ་འབྲས་བྱུང་ཚུལ།

 

བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ། རང་སྐྱོང་ཁུལ་གྱིས་ཏང་ཀྲུང་དབྱང་དང་  ཞིང་ཆེན་ཏང་ཨུའི་བརྟན་བརླིང་གི་འགོ་ཁྲིད་འོགབཅོས་སྒྱུར་སྒོ་འབྱེད་ཀྱི་གོ་སྐབས་

གལ་ཆེན་དམ་འཛིན་བྱས་ནས།དུས་རབས་མདུན་སྐྱོད་ཀྱི་འགྲོས་དང་ཡོངས་སུ་བསྟུན་ཏེ།ལོ་རྒྱུས་ཀྱི་ལེ་ཚན་གསར་བ་ཞིག་བྲིས་ཡོད་པ་ཡིན།ལྷག་པར་དུས་རབས་གསར་བར་སླེབས་པ་ནས་བཟུང་།རྨ་ལྷོ་ནི་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་མགྱོགས་པའི་ལོ་ངོ་བཅུ་

བཞི་དང་།རྨང་གཞིའི་སྒྲིག་ཆས་ལ་འགྱུར་ལྡོག་ཆེས་མངོན་གསལ་བྱུང་པའི་ལོ་ངོ་བཅུ་བཞི།མི་དམངས་ཀྱི་འཚོ་བའི་བདེ་སྐྱིད་ཀྱི་ཚད་བསྟུད་མར་མཐོར་འདེགས་བྱུང་བའི་ལོ་ངོ་བཅུ་བཞིའི་ནང་དུ་སྤོས་པ་རེད།ཁུལ་ཡོངས་ཀྱི་ཆབ་སྲིད་བརྟན་ཞིང་མི་ཕན་ཚུན་

འགྲིག་མཐུན་ཡིན་ལ།ལས་རིགས་སྣ་ཚོགས་དར་ཞིང་རྒྱས་པ།མི་རིགས་ལ་མཐུན་སྒྲིལ་

ལྡན་པ།མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བྱས་པས།དཔྱིད་ཀྱི་དཔལ་ཡོན་

རྒྱས་པ་ནང་བཞིན་དུས་བདེ་ཞོད་འཇགས་དང་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་

གསར་བ་ཞིག་མངོན་ཡོད་པ་རེད།།

བཅིངས་འགྲོལ་མ་བྱས་པའི་ཡར་སྔོན་དུ། རྨ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་

འཕེལ་རྒྱས་ཧ་ཅང་རྗེས་ལུས་ཡིན་ལ།  མི་དམངས་ཀྱི་འཚོ་བ་ཤིན་ཏུ་དབུལ་ཕོངས་  ཡིན།རོང་འབྲོག་མང་ཚོགས་ཕལ་ཆེ་བས་དུས་ཡུན་རིང་པོར་རྩྭ་ཆུ་དང་བསྟུན་ནས་གཞིས་ཆགས་པའི་ཕྱུགས་རིགས་སྤོ་འཚོའི་འཚོ་བ་རོལ་གྱིན་ཡོད་ལ།ཐ་ན་གཞུང་ལམ་ཙམ་ཡང་མེད་པ་དང་།རང་འབབ་ཆུ་དང་གློག་སྒྲོན།ཁ་པར་བཅས་དེ་བས་ཀྱང་སྨྲས་མ་

དགོས་པ་ཞིག་ཡིན་པས།དེང་རབས་དཔལ་ཡོན་དང་བར་ཐག་གིས་ཆོད་ཡོད་པ་རེད། ད་ལྟ་གྲོང་གསེབ་རེ་རེར་སྣུམ་ལམ་ལས་ཡོད་པ་དང་།སྡེ་བ་རེ་རེར་ཟེགས་ལམ་ལས་

ཡོད།སྡེ་བའི་བགྲོད་ལམ་སྲ་འགྱུར་ཅན་བཏང་བ་དང་།མང་ཚོགས་ལ་རང་ལ་དབང་

བའི་རླངས་འཁོར་ཆུང་བ་དང་འཕྲུལ་རྟ་ཡོད་པ་དང་།སྣུམ་ནག་གཞུང་ལམ་ཕྱོགས་

བཞི་མཚམས་བརྒྱད་དུ་ལས་ཡོད་པས།ཕྱི་རུ་བསྐྱོད་པར་སྟབས་བདེ་བཟོས་ཡོད།ཉེ་བའི་ལོ་ངོ་བཅུའི་ནང་དུ།འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར23རུ་སླེབས་པ་དང་།རླངས་འཁོར་རྒྱུག་ཚད་སྤྱི་ལེ4000ཐོད་བརྒལ་བྱས་ཡོད།ལྷག་པར་དགའ་འོས་པ་ཞིག་ནི།མྱུར་བགྲོད་གཞུང་ལམ་དང་དམངས་སྤྱོད་གནམ་གྲུ་ཐང་།མངའ་ཁོངས་བརྒལ་བའི་ལྕགས་ལམ་བཅས་མི་འགྱངས་པར་འཛུགས་སྐྲུན་བྱས་ནས་ལེགས་

འགྲུབ་འབྱུང་བ་དང་།རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལ་བྱ་མོར་གཤོག་རྩལ་རྒྱསཔ་ནང་བཞིན་གྱི་ནུས་པ་བླ་ལྷག་བཏོན་ཡོད།སྔོ་རྒྱའི་འགག་དང་བྲག་ཁང་སྣ་ཁ།གདོང་སྣ་

སོགས་ཆུ་གློག་ས་ཚིགས་ཆེ་འབྲིང་ནི་འོད་ལམ་ལམ་འཚེར་བའི་མཐོ་སྒང་གི་མུ་ཏིག་

ལྟར།རྒྱལ་ཁབ་ལ་དངོས་པོའི་ལོངས་སྤྱོད་གྱ་ནོམ་པ་ཞིག་གསར་སྐྲུན་བྱས་ཡོད།གློག་དྲ་ཆེ་བས་ཁུལ་ཡོངས་ལ་ཁེབས་པ་དང་། སྒོས་སུ་མ་དངུལ་སྒོར་དུང་ཕྱུར8.7བཏང་ནས། ཞིང་སྡེ་འབྲོག་ཁུལ་དུ"ཁྱིམ་ཚང་རེ་རེར་གློག་ཡོད་པའི"བཟོ་སྐྲུན་ལག་བསྟར་བྱས་པས། ཁྱིམ་ཚང་ཁྲི1.1གི་མི་ཁྲི4.5ལ་གློག་མེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས། སྒོར་དུང་ཕྱུར19.48བཏང་ནས།བཙན་མོ་ཆུ་མཛོད་དང་སྔོ་རྒྱའི་འགག་ཡུར་རྐ་ལྷོ་མ་

སོགས་ཆུ་བེད་བཟོ་སྐྲུན་འགངས་ཆེན་སྐོར་ཞིག་བསྟུད་མར་ལག་བསྟར་བྱས་པས། རང་འབབ་ཆུ་ཁྱིམ་ཚང་རེ་རེར་ཐོན་པ་དང་།ཆུ་འདྲེན་ཡུར་རྐ་ཞིང་ཁ་སོ་སོར་ལས་པ་དང་།རི་ཉིལ་བ་ཇེ་ཉུང་དུ་སོང་ལ།ཆུ་བོའི་བཞུར་ལམ་གཙང་མར་གྱུར་བ་དང་།  རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྔར་ལས་སྟབས་བདེ་བཟོས་ཡོད།

ལྷག་པར་ང་ཚོར་སེམས་ཤུགས་སློང་ཐུབ་པ་ནི།ན་ནིང་ཞིང་ཆེན་ཏང་ཨུས་བཏོན་པའི་མཚོ་སྔོན་དང་ཟི་ཁྲོན།ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་བདེ་འཇགས་དང་དར་རྒྱས་བཟོ་སྐྲུན་ལག་བསྟར་བྱས་པ་དང་།ལོ་ངོ་བདུན་གྱི་དུས་ཚོད་བེད་སྤྱད་དེ་རྨ་ལྷོར་མ་དངུལ་སྒོར་དུང་ཕྱུར503བཏང་ནས། སྤྱི་ཡོངས་ལ་དམིགས་པ་ དང་ཡུན་རིང་ལ་འབྲེལ་བའི་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ནས་འགྲུབ་པའི་འཆར་གཞི་བཟོས་པས། རང་སྐྱོང་ཁུལ་འཕེལ་རྒྱས་ཆེན་པོ་དང་ཐོད་བརྒལ་ཆེན་པོ་འབྱུང་བར་ལོ་ངོ་ཁྲི་སྟོང་

ལའང་འཕྲད་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་སྤྲད་ཡོད་པ་རེད།།

ནུབ་རྒྱུད་གསར་སྤེལ་ཆེན་མོ་བྱས་ཚུན་དུ། ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་  འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་ནས། གཟིགས་སྐྱོང་སྲིད་ཇུས་རབས་

དང་རིམ་པ་ཞིག་བཟོས་པ་དང་གཏན་ཁེལ་བྱས།རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་

རྐྱང་བར་བལྟས་ནས་བཤད་ན།རོང་འབྲོག་མང་ཚོགས་ཀྱི་མི་རེའི་བགོ་བཤའ་རུང་བའི་ཡོང་སྒོ་རྐྱང་བ་དེ2010ལོའི་སྒོར3032ནས་སྒོར5654ལ་འཕར་སྣོན་བྱུང་བ་དང་། དེའི་ནང་དུ།རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཡོང་སྒོ་མི་རེའི་བགོ་བཤའ་རུང་བ་སྒོར2300ལ་སླེབས་པ་དང་།2014ལོ་དཔེར་བཞག་ན།ཁུལ་ཡོངས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར57.95ཡིན་པ་དང་།དེའི་ནང་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར2.53ཙམ་ཡིན།ནོར་སྲིད་འགྲོ་སྒོའི96%ཡན་ཝནི་ཀྲུང་དབྱང་དང་

ཞིང་ཆེན་རིམ་པའི་བསྒྱུར་སྤོ་གཏོང་སྤྲོད་བྱས་པ་ཡིན་ལ།གསལ་བོར་བཤད་ན། ཁུལ་ཡོངས་ཀྱི་ནོར་སྲིད་ནས་སྒོར10བཀོལ་ན། དེའི་ནང་གི་སྒོར9དང་ཟུར6ནི་རྒྱལ་

ཁབ་ཀྱིས་སྟེར་བ་ཡིན།སྡོད་ཁང་ནི་དམངས་ཚིས་ཀྱི་རྨང་གཞི་ཡིན།སྤྱི་ཚོགས་རྙིང་བའི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་སྡོད་ཁང་ནི་ཤིན་ཏུ་ཐབས་ཆག་ཡིན་པ་དང་། ས་ཁང་།ཕྱིང་གུར་རྙིང་བ།ཐ་ན་འདུག་སའི་ཁང་བ་ཙམ་ཡང་མེད་པ་རེད།2009ལོ་ནས་བཟུང་།རྒྱལ་ཁབ་ཀྱིས་ལོ5ཡི་དུས་ཚོད་བེད་སྤྱད་དེ།མ་དངུལ་སྒོར་དུང་ཕྱུར60བཏང་

ནས།བྲོག་པའི་གཏན་སྡོད་ཁང་བ་དང་། ཏང་ སྲིད་དམག་ཁེ་ལས་བཅས་ཀྱི་མཉམ་སྐྲུན། མཛེས་པའི་གྲོང་གསེབ་དང་སྡེ་བ།དེའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་

སྐྲུན་ལག་བསྟར་བྱས་པས།ཁྱིམ་ཚང་ཁྲི1.89ཡི་རོང་འབྲོག་མང་ཚོགས་ཁྲི8ལ་ཉེ་བ་ཁོད་ཡངས་ཤིང་གསལ་ཡངས་དོད་པའི་གཏན་སྡོད་ཁང་བར་འདུག་ཐུབ་པ་བྱུང་། བཅོས་

སྒྱུར་སྒོ་འབྱེད་ཡར་སྔོན་དུ།ཞིང་ཕྱུགས་ལས་ཕལ་ཆེར་གནམ་ལ་བརྟེན་ནས་འཚོ་བ་

རོལ་བ་དང་།གནམ་ལ་བརྟེན་ནས་ཕྱུགས་འཚོ་སྐྱོང་བྱས་པ་རེད།ད་ལྟ་"ཚོད་སླེའི་བཟོ་

སྐྲུན"དང་།སྐྱེ་ལྡན་ཞིང་ཕྱུགས་ལས།རོང་འབྲོག་ཁུལ་མཉམ་འབྲེལ་དཔལ་འབྱོར་གཙོར་བཟུང་བའི་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་མྱུར་ལ་ཤུགས་དྲག་པ་རེད། ཉེ་བའི་ལོ་ངོ་གཉིས་ཀྱི་ནང་དུ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.35བཏང་ནས། ཚད་མཐོ་བའི་སྔོ་ཚོད་ཐོན་སྐྱེད་རྟེན་གཞི6བཙུགས་པ་དང་།རྨ་ལྷོ་སོག་རྫོང་དང་རྩེ་

ཁོག་རྫོང་གཉིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་

ཆེས་ཆེ་བར་གྱུར་བ་དང་།"རེབ་གོང་སིལ་ཁུ"ནི་ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་མིང་

གྲགས་ཅན་དུ་ངོས་བཟུང་།གཅན་ཚ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་འཁྱག་ཆུའི་ཉ་གསོ་

སྤེལ་གྱི་རྟེན་གཞི་ཨང་གཉིས་པར་གྱུར།ལས་སྣོན་དང་ཕྱིར་འཚོང་གཞི་གཅིག་ཅན་གྱི་

ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བདག་གཉེར་བྱེད་པ་དེ་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་  བཞིན་མང་དུ་བྱུང་ལ།ཁུལ་ཡོངས་སུ་དཔལ་འབྱོར་མཉམ་ལས་རྩ་འཛུགས476བཙུགས་པ་དང་།མཉམ་ལས་ཁང་ལ་ཞུགས་པའི་རོང་འབྲོག་པ་མི་ཁྲི11.71ལ་སླེབས།ཏང་གི་

སྲིད་ཇུས་བཟང་བོས་རོང་འབྲོག་མང་ཚོགས་ཀྱི་ལས་བཏོད་ཕྱུག་འགྱུར་གྱི་སྤྲོ་སེམས་

སྐུལ་སློང་བྱས།།1948ལོར། རྨ་ལྷོའི་ས་ཁུལ་ལ་སློབ་མ101ཡོད་པ་དང་། དགེ་རྒན5ཡོད། ད་ལྟ་ཁུལ་ཡོངས་སུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ237ཡོད་པ་དང་། སློབ་མ50000ལྷག་ཡོད།དགེ་བཟོ་བ་བསྡོམས་པས2580ཡོད་ལ།སློབ་ཞུགས་སྔོན་གྱི་ལོ1དང་།ལོ་དགུའི་འགན་བབས་སློབ་གསོ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ལོ3      བཅས་ཚང་མར་སློབ་རིན་མི་ལེན་པ་མ་ཟད།རོང་འབྲོག་ཁུལ་གྱི་འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་མར་མི་རེར་ཉིན་རེར་འཚོ་བའི་ཁ་གསབ་སྒོར3སྟེར་བ་དང་།སློབ་ལོ་གཅིག་ལ་འཚོ་བཅུད་ལྡན་པའི་ཟ་མའི་ཁ་གསབ་རོགས་དངུལ་སྒོར600ལེན་བཞིན་ཡོད་པ་རེད།སློབ་གྲྭ་འགྲིམས་པར་སློབ་རིན་མི་ལེན་པ་མ་ཟད།ད་དུང་འཚོ་བའི་ཁ་

གསབ་དང་འཚོ་བཅུད་ལྡན་པའི་ཟ་མའི་ཁ་གསབ་མ་དངུལ་བཅས་ལོངས་སུ་སྤྱོད་པ་

འདི་རང་རྒྱལ་གྱི་སློབ་གསོའི་ལོ་རྒྱུས་སྟེང་གཏན་ནས་མེད་པ་ཞིག་ཡིན།     བཅིངས་འགྲོལ་མ་བྱས་པའི་ཡར་སྔོན་དུ། རྨ་ལྷོར་དེང་རབས་ཅན་གྱི་སྨན་བཅོས་

འཕྲོད་བསྟེན་སྡེ་ཁག་གཅིག་ཀྱང་མེད་པ་དང་།རོང་བོ་ས་ཁུལ་དུ་སྒེར་བཙུགས་ནད་

བརྟག་ཁང་གཉིས་ཡོད།ད་ལྟ་ཁུལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག65ཡོད་

པ་དང་།སྨན་བཅོས་ལག་རྩལ་པ1434ཡོད་ལ།ནད་ཁྲི954ཡོད།ལྷག་པར་རོང་འབྲོག་

ཁུལ་དུ་སྨན་བཅོས་གསར་བ་དང་ནད་ལྕི་མོའི་སྨན་བཅོས་ཉེན་སྲུང་སོགས་ལམ་

ལུགསབཙུགས་པ་བརྒྱུད་ནས།མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་།སྨན་རིན་

མཐོ་བའི་གནད་དོན་ཐག་གཅོད་བྱས་པ་དང་།མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ནི1950

ལོའི་ཡར་སྔོན་གྱི་ལོ35ནས་ད་ལྟའི་ལོ71.4ལ་མཐོར་འདེགས་བྱུང་ཡོད་ལ།"ནད་ལ་

སྨན་བཅོས་བྱེད་ཐུབ་པ་དང་རྒས་ན་རྒན་གསོ་ཡོད་པའི་"སྤྱི་ཚོགས་འགན་སྲུང་གི་

བདེ་འཇགས་དྲ་བ་བསྐྲུན་ཡོད།རྩེ་ཁོག་རྫོང་ཉིན་ཕྱུག་ཞང་གི་ལོ70ལྷག་ལ་བུད་པའི་

བོད་རིགས་རྒད་པོ་ཞིག་གིས་བཤད་རྒྱུར།"དུས་རྒྱུན་མི་བདེ་བ་ཅུང་ཙམ་ཡོད་ན་ཞང་

གི་འཕྲོད་བསྟེན་ཁང་དུ་སོང་ནས་བརྟག་པ་དང་།གལ་ཏེ་ཅུང་ཚབས་ཆེན་ཡིན་ན།

མཉམ་ལས་སྨན་བཅོས་ཀྱི་དེབ་ཆུང་ཁྱེར་ནས།རྫོང་གི་སྨན་ཁང་དང་ཡང་ན་ཁུལ་

སྨན་ཁང་ལ་སོང་ནས་བསྡད་དེ་སྨན་བཅོས་བྱས་ཆོག་པས།སྨན་པར་སྟོན་པར་སྟབས་

བདེ་བ་མ་ཟད།འགྲོ་སྒོའང་ཆེན་པོ་ཞིག་མེད་པ་རེད།"ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་

གྱི་ཚད་བཀག་ཐེབས་ཕྱིར།རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་

དལ་བ་དང་། དབུལ་ཕོངས་ཀྱི་རྒྱ་ཁྱོན་ཆེ་བ། དབུལ་ཕོངས་ཀྱི་མི་གྲངས་མང་བ་རེད།

སྡེ་ཡོངས་སྐུལ་འདེད་དང་ཐོན་ལས་དབུལ་སྐྱོར།ཡུལ་གཞན་དབུལ་སྐྱོར།ཚགས་ཞིབ་

དབུལ་སྐྱོར་སོགས་བྱེད་ཐབས་སྣ་མང་སྤྱད་ནས།ལོ་བཅུའི་ནང་དུ་མི་ཁྲི13གྱི་ལྟོ་རྒྱབ་

གནད་དོན་ཐག་གཅོད་བྱས་ལ།ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས2010ལོའི་མི་ཁྲི9

ནས་ད་ལྟའི་མི་ཁྲི3.27ལ་ཇེ་ཉུང་དུ་སོང་ཡོད།གཞན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་

ཚོགས་རོགས་སྐྱོར།མ་མཐའི་འཚོ་བའི་འགན་སྲུང་།རོང་འབྲོག་ཁུལ་གྱི་རྒན་གསོ་ཉེན་

སྲུང་།རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་

གཟིགས་སྐྱོང་དེ་ལས་མང་པོ་ཞིག་མཉམ་སྤྱོད་བྱས་ལ།རིགས་སོ་སོའི་མང་ཚོགས་ཀྱི་བད

སྐྱིད་ཀྱི་ཚད་ཉིན་རེ་ལས་ཉིན་རེར་ཇེ་མཐོར་འགྲོ་བཞིན་ཡོད།དོན་དངོས་མང་པོ་ལས་

ར་སྤྲོད་བྱས་པ་ནི་འདི་ལྟར།གུང་ཁྲན་ཏང་བཟང་།སྤྱི་ཚོགས་རིང་ལུགས་བཟང་།བཅོས་

སྒྱུར་སྒོ་འབྱེད་བཟང་།རླབས་ཆེན་མེས་རྒྱལ་བཟང་།རིགས་སོ་སོའི་མི་དམངས་བཟང་

ཞེས་པ་དེ་རེད།

མི་རིགས་རིག་གནས་ནི་མི་རིགས་ཤིག་གི་ལོ་རྒྱུས་དང་སྤྱི་ཚོགས།ཆབ་སྲིད།དཔལ་

འབྱོར་འཚོ་བ་དང་ས་ཁམས་ཁྱད་ཆོས་བཅས་འདུ་ཤེས་འཛིན་སྟངས་ཐོག་གི་ཚུར་སྣང་ཡིན་པ་དང་།ཀྲུང་ཧྭའི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།མི་རིགས་སོ་སོའི་རིག་གནས་ནི་སྣ་མང་གཞི་གཅིག་ཡིན་ལ།ཕན་ཚུན་མཉམ་འདྲེས་དང་།གཅིག་ལ་གཅིག་བརྟེན་གྱི་རྣམ་པ།ཁྲག་རྩ་གཅིག་འབྲེལ་དང་འོ་ཆུ་འདྲེས་པ་ལྟ་བུའི་འབྲེལ་བ་

དམ་ཟབ་ཆགས་ཡོད་པ་རེད།ལོ་མང་པོའི་རིང་ལ།རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་

གསུམ་དུ་བོད་རྒྱ་སྐད་གཉིས་ལ་མཉམ་དུ་གཙིགས་ཆེན་བྱེད་པའི་རྩ་དོན་གཞིར་བཟུང་ནས།ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་དང་མི་རིགས་སློབ་འབྲིང་དུ"སྐད་གཉིས"སློབ་གསོ་ཁྱབ་སྤེལ་བྱས་པ་མ་ཟད།བོད་ཡིག་སློབ་སྦྱོང་བྱེད་པ་དེ་གཞི་རིམ་ལས་བྱེད་པའི་ལས་

འགན་གལ་ཆེན་ཞིག་ཏུ་བཞག་སྟེ།གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཞབས་

འདེགས་ཞུ་བ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་། རེབ་གོང་རིག་གནས་ནི་རྨ་ལྷོའི་རིགས་སོ་སོའི་སྣ་མང་དང་གདོད་མའི་སྐྱེ་ཁམས་རིག་གནས་ཀྱི་སྤྱི་མིང་ཡིན་པ་དང་།སྒོས་སུ་བོད་མི་རིགས་ཀྱི་གཤིས་བཟང་གཞུང་དྲང་དང་མཛེས་སྡུག་སྤྲོ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པའི"འགྱུར་རྡོ་གསོན་པོ"ཞིག་ཡིན། 2008ལོའི་ཟླ8པར་རྒྱལ་ཁབ་ཀྱིས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་

འཛུགས་པར་ཆོག་མཆན་བཀོད་པའི་རྗེས་སུ།ན་ནིང་རང་སྐྱོང་ཁུལ་ནི་རྒྱལ་ཁབ་ཀྱི་

བོད་དང་ཆིང་རིགས་དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རིང་གཙོ་ཁུལ་དུ་ཡང་བདམས་པ་དང་།"རེབ་གོང"ཚོང་རྟགས་དེ་རྒྱལ་ཁབ་ཀྱི་སྤྱི་ཁྱབ་བཟོ་ཚོང་ཅུས་ནས་ཐོ་འགོད་བྱས་ལ།ཐེན་ཅིན་དུ"རེབ་གོང་སྒྱུ་རྩལ་གླིང"བཙུགས་པ་དེ་ཞིང་ཆེན་

གཞན་དུ་བཙུགས་པ་ཐོག་མ་ཡིན།མ་དངུལ་སྒོར་ཁྲི6400བཏང་ནས།རྨ་ལྷོ་ཁུལ་རེབ་

གོང་རིག་གནས་བཤམས་སྟོན་ཁང་བཙུགས་པ་དང་།མ་དངུལ་སྒོར་ཁྲི4000གྲ་སྒྲིག་

བྱས་ནས་རེབ་གོང་རིག་གནས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་པ་ཡིན།ད་ལྟ་རང་སྐྱོང་ཁུལ་དུ་རིག་གནས་ཐོན་ལས་གཉེར་མཁན་བསྡོམས་པས་ཁྱིམ་ཚང120ཡོད་པ་དང་།

རིག་གནས་ལས་གཉེར་མི་སྣ་ཁྲི2.41ཡོད།རིག་གནས་ཐོན་ལས་ཀྱི་ལས་གཉེར་ཡོང་སྒོ་སྒོར་དུང་ཕྱུར4.48ཡིན།རིམ་པ་སོ་སོའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་

གྲངས89ཡོད་པ་དང་།དེའི་ཁྲོད་ཀྱི་རེབ་གོང་སྒྱུ་རྩལ་དང་བོད་ཀྱི་ཟློས་གར་གཉིས་

འཛམ་གླིང་གི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་སུ་

བདམས་པ་དང་།རིམ་པ་སོ་སོའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་ འཛིན་པ91ཡོད་ལ།  རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོ6ཡོད། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི2འཛུགས་པར་ཆོག་མཆན་བཀོད་པ་དང་།དཔེ་མཛོད་ཁང་དང་རིག་གནས་ས་ཚིགས་སོགས་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཞང་དང་གྲོང་རྡལ་སོ་སོར་ཁྱབ་ཡོད། ལོ་བཅུའི་ནང་དུ། རེབ་གོང་རིག་གནས་འཛམ་གླིང་ལ་ ཁྱབ་པར་མ་ཟད། དེ་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཚད་དེ་ལས་ཀྱང་སྔར་བྱུང་མ་ མྱོང་བ་རེད།སྲིད་ཇུས་ཀྱི་དངུལ་གཏོང་གཙོ་ཁྲིད་དུ་བཟུང་སྟེ།མི་རིགས་རིག་གནས་ལ་

སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་རྣམ་པ་འདི་རྒྱལ་སྤྱིའི་སྟེང་ན་ཡང་མིག་དཔེ་

འཛིན་སར་གྱུར་ཡོད།བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པ་

དང་ལོ་རྒྱུས་ཀྱི་རྒྱུན་རིང་བ་རེད།རང་སྐྱོང་ཁུལ་གྱིས་ཏང་གི་ཆོས་ལུགས་སྲིད་ཇུས་སྣ་

ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་།ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ93སྤྱི་པའི་ཞབས་ཕྱིའི་ཁྱབ་ཁོངས་སུ་བཞག་པ་དང་། 2010ལོ་ནས་བཟུང་།  བོད་བརྒྱུད་ནང་བསྟན་གྱི་དགོན་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར1.3ཡིན་ལ།དགོན་པའི་གློག་ལམ་རྙིང་བ་དང་ཉེན་ཁ་ལྡན་པ་ལེགས་

བཅོས་དང་།གྲྭ་ཤག་ལེགས་བཅོས།བགྲོད་ལམ་སྲ་འགྱུར་སོགས་ལས་གཞི་ལག་བསྟར་

བྱས་པས།དགོན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱས། དེ་དང་མཉམ་དུ།གྲྭ་བ་དང་བཙུན་མ974གྲོང་ཁྱེར་དང་གྲོང་རྡལ།ཛརོང་འབྲོག་ཁུལ་

གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་བཅུགགྲྭ་བ་དང་བཙུན་མ3985

སྨན་བཅོས་ཉེན་སྲུང་ལ་ཞུགས་པ་དང་།དེ་དང་མཉམ་དུ་གྲྭ་བ་དང་བཙུན་མ974གྲོང་ཁྱེར་དང་གྲོང་རྡལ།རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་

སུ་བཞགགྲྭ་བ་དང་བཙུན་མ3985སྨན་བཅོས་ཉེན་སྲུང་ལ་ཞུགས་པ་དང་།གྲྭ་བ་དང་

བཙུན་མ2716རྒན་གསོ་ཉེན་སྲུང་ལ་ཞུགས།གྲྭ་བ་དང་བཙུན་མ69ཡིས"འགན་སྲུང་

ལྔའི"གསོ་སྐྱོང་ལོངས་སུ་སྤྱོད་བཞིན་ཡོད།རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱི་ཆོས་

ལུགས་འཚོ་བ་དང་།དགོན་པའི་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དག་རྒྱུན་ལྡན་དང་གོ་རིམ་ལྡན་པའི་ངང་ནས་སྤེལ་བས།དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་

དགོས་མཁོ་བསྐངས་ཡོད་པ་རེད།

ཚང་མས་ཤེས་གསལ་ལྟར།ལོ་ངོ་ཁྲི་ཕྲག་རིང་མཐོ་སྒང་གི་མཁའ་དབུགས་གྲང་མོའི་འོག མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཤིན་ཏུ་ཉམ་ཆུང་ཡིན་ལ།རྒྱལ་ཡོངས་ ཀྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཆེས་བཙོག་པའི་ས་ཁུལ་གྱི་ནང་གསེས་ཤིག་ཡིན། ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་བྱས་པའི་ཚུན་ལ། རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བཙུགས་པ་དང་།  དེ་ནས་

བཟུང་རྨ་ལྷོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་ལོ་རྒྱུས་སྟེང་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། མ་དངུལ་ཆེས་མང་བོ་བཏང་བ་།སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་

འབྲས་མངོན་གསལ་ཡིན་པའི་དུས་སྐབས་ཤིག་ལ་སླེབས་པ་རེད།ཉེ་བའི་ལོ་བདུན་དང་བརྒྱད་ཀྱི་རིང་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར5.5བཏང་སྟེ་རྨོ་སྐྱུར་ནགས་

འཛུགས་དང་ཕྱུགས་སྐྱུར་རྩྭ་འདེབས།ས་ཆུ་སྲུང་འཛིན་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་གཙོ་བྱས་པའི་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་

འཛུགས་སྐྲུན་གྱི་དུས་རིམ་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་

བཙོག་འགྱུར་གྱི་གནས་བབ་ཐོག་མར་གཏན་འགོག་བྱས།2014ལོ་ནས2020ལོའི་བར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར14.5བཏང་སྟེ་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་ཏེ།བཟོ་སྐྲུན་

ཆེན་པོ2དང་།ཡན་ལག་བཟོ་སྐྲུན7བཟོ་སྐྲུན་ཆུང་བ19བཅས་ལག་བསྟར་བྱས་ཏེ་རང་

སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཟང་འགྲོས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས། དཔེ་བཞག་ན་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁ་གསབ་རོགས་སྐྱོར་དང་བྱ་དགའ་

སྟེར་བའི་རྐྱེན་སྲོལ་གསར་འཛུགས་ཀྱི་ཕྱོགས་ནས་བཤད་ན།2014ལོ་ཏག་ཏག་ལ་རྩྭ་

ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་མ་དངུལ་སྒོར་དུང་ཕྱུར2.18ཀྱི་ཁ་གསབ་རོགས་སྐྱོར་

དང་བྱ་དགའ་བྱིན་པ་དང་།རྩྭ་ས་མུའུ1341ལ་རྩྭ་བཀག་བྱས་ཏེ་རང་ཁུལ་འབྲོག་དམངས་ཀྱི་མི་རེའི་ཡོང་འབབ་སྒོར3000གྱི་ཡས་མས་ལ་འཕར་སྣོན་བྱུང་བས།རྒྱལ་ཁབ་ཀྱི་

སྟོབས་ཤུགས་ཉིན་རེ་བཞིན་རྒྱས་པ་དང་བསྟུན་ནས་རྒྱལ་ཁབ་རིམ་པས་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་ཤུགས་སྔར་ལས་ཇེ་དྲག་དང་འཛུགས་སྐྲུན་དང་མ་

དངུལ་གཏོང་ད་ཀྱི་ཚད་ཀྱང་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་ཡོད་པ་མ་ཟད། སྐྱེ་ཁམས་ལེགས་བཅོས་དང་བྱེད་ནུས་འགན་སྲུང་གི་ཕན་ནུས་ཀྱང་ལོ་རེ་ནས་ཟླ་རེ་

བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད་པས།མི་དང་རང་བྱུང་འཆམ་མཐུན་གྱི་སྒོ་

ནས་གཅིག་ལ་གཅིག་བརྟེན་བྱེད་ཐུབ་པའི་རེ་བ་མངོན་འགྱུར་བྱེད་ཐུབ་པ་ཡིན།

ལོ་རྒྱུས་ཀྱི་དོན་དངོས་ནི་བཟོ་བཅོས་བྱེད་མི་རུང་ལ། དུས་རབས་ཀྱི་འཕེལ་   ཕྱོགས་ནི་འགོག་ཐབས་བྲལ་བ་ཞིག་ཡིན་ཏེསྒོ་ནས།རྒྱལ་ཁབ་བདེ་ཞིང་མི་རིགས་དར་

ན་ད་གཟོད་ཚང་མ་སྐྱིད་ཅིང་བདེ་ཐུབ་པ་དོན་དངོས་ཀྱི་ཁུངས་བཙན་པོས་ར་སྤྲོད་བྱས་ཡོད་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཕུལ་བྱུང་རང་བཞིན་དང་།  ཏང་ཀྲུང་དབྱང་གིས་བོད་ཁུལ་གྱི་འཕེལ་རྒྱས་ཐད་ལ་བཏོན་པའི་ཤུགས་ཆེན་པོའི་ རོགས་སྐྱོར།ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད།རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་བཅས་ལ་བརྟེན་མེད་ན་དེ་རིང་གི་རྨ་ལྷོའི་དར་རྒྱས་མདུན་སྐྱོད་ཀྱི་གནས་བབ་འདི་ཡོད་མི་སྲིད།།

    ང་ཚོར་ཡིད་ཆེས་བརྟན་པོར་ཡོད་པ་ནི། ཀྲུང་དབྱང་གིས་བོད་ཁུལ་དུ་ལག་    བསྟར་བྱས་པའི་སྲིད་ཇུས་བཟང་བོའི་མཛུབ་སྟོན་དང་།ཞིང་ཆེན་ཏང་ཨུའི་བརྟན་

བརླིང་གི་་འགོ་ཁྲིད།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་ སྐྱོར།ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འབུངས་བཅས་ལ་བརྟེན་ན་རང་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་ལ་བདེ་སྐྱིད་ཕུན་

སུམ་ཚོགས་པའི་འཚོ་བ་གསར་བ་རོལ་དུ་འཇུག་ཐུབ་པ་དང་།  སྤྱི་ཚོགས་བརྟན་

འཇགས་དང་ཡུན་བརྟན་བདེ་འགོད་ཀྱི་རྨ་ལྷོའི་ལོ་རྒྱུས་གསར་བ་ཞིག་བསྐྲུན་ཐུབ་ པར་ངེས།།

 

 

 

གོང་མ།:null
འོག་མ།:རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ། ༢
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་བྱང་དང་མཚོ་ནུབ་ཁུལ་གཉིས་'  
རྨ་ལྷོས་གནད་ས་འབུར་ཐོན་གྱིས་'  
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།