དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་རྦད་ཆོད་ཀྱིས་འགོག་སྲུང་དང་རྡུང་རྡེག་བྱེད་དགོས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-03   རྩོམ་གྱི་ཡོང་ཁུངས།

“དྲག་ཤུགས་འཇིགས་སྐུལ་བའི་ཧམ་སེམས་རྨག་མེད་དུ་བཏང་སྟེ། དགྲ་བོའི་སྤ་བཀོང་ཞིང་། དམངས་ཀྱི་ངར་ཤུགས་བསྐྱེད་དགོས།”ཞེས་བློ་མཐུན་ཞི་ཅིན་ཕེན་གྱིས་ཞིན་ཅང་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་འགོག་སྲུང་དང་རྡུང་རྡེག་ནན་མོ་གཏོང་བར་མཛུབ་སྟོན་གནང་བ་དང་། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལང་ཤོར་དུ་མི་གཏོང་བ་དང་། བྱ་སྤྱོད་དེ་རིགས་ལ་གཉོམ་མི་འཁུར་བའི་རྣམ་འགྱུར་མངོན་གསལ་བསྟན་ཡོད་ལ། ཁྲིམས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོང་དང་། མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོའང་མཚོན་པར་བྱས་ཡོད།

ཉེས་མེད་ཚེ་སྲོག་ལ་གང་དགར་གནོད་སྐྱེལ་བ་དང་། སྤྱི་བའི་རྒྱུ་ནོར་ལ་གང་འདོད་ལྟར་གཏོར་བརླག་བྱེད་པ་སོགས་དྲག་ཤུགས་བཀོལ་ནས་ཉེས་པ་བཟོ་བ་སོགས་འཇིགས་སྐུལ་བྱ་འགུལ་མང་པོ་སྤེལ་བ་དེས་འཇིགས་སྐུལ་བས་རྨང་གཞིའི་རིན་ཐང་སྣང་མེད་དུ་འཇོག་པ་དང་། མི་ཆོས་དྲང་བདེན་ལ་རྒྱབ་འགལ་བྱས་ཡོད་པས། མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་རྡོག་པས་བརྫིས་པ་ཞིག་ཡིན། དེ་ནི་རྒྱལ་ཁབ་ཞིག་དང་ཡང་ན་སྤྱི་ཚོགས་གང་ཞིག་གིས་ཀྱང་བཟོད་སྒོམ་བྱེད་མི་ཐུབ་པའི་བྱ་སྤྱོད་ཅིག་རེད། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་བར་གྱི་འཐབ་རྩོད་དེ་ནི་མི་རིགས་ཀྱི་གནད་དོན་ཞིག་དང་། ཆོས་ལུགས་ཀྱི་གནད་དོན་ཞིག་མ་ཡིན་པར། དེ་ནི་དྲང་བདེན་དང་སྡིགས་སྦྱོར། ཡར་རྒྱས་དང་ལོག་སྤྱོད་ཀྱི་གཡུལ་འགྱེད་ཅིག་ཡིན་པས། དེར་ཀུ་ཡངས་དང་ཕྱིར་སྣུར་བྱེད་ས་ཞིག་གཏན་ནས་མེད།

 “འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་ཡོད་པར་མ་ཟད། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། དེ་ནི་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་འཇགས། མི་དམངས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཅིག་རེད།”ཅེས་པའི་བློ་མཐུན་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དེས་དྲག་ཤུགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་དབྱེ་ཞིབ་དང་ཚོད་བགམ་ཡང་དག་པ་ཞིག་བྱས་ཡོད། དོན་དངོས་ལས་བདེན་དཔང་བྱས་པ་ལྟར་ན། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་འགོག་སྲུང་ནན་མོ་མ་བྱས་ཚེ། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ཡོད་མི་སྲིད་པ་དང་། དྲག་ཤུགས་འཇིགས་སྐུལ་བར་རྡུང་རྡེག་ནན་མོ་མ་བཏང་ན། ཞིན་ཅང་གི་ཡུན་རིང་བརྟན་འཇགས་ཡོང་དཀའ། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་རྡུང་རྡེག་གཏོང་བ་དེ་ཞིན་ཅང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། དེ་ནི་དམངས་སེམས་ཕྱོགས་ས་དང་ཚང་མའི་རེ་བ་རེད།

༢༠༡༠ལོར། ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་ནས་བཟུང་། ཞིན་ཅང་གི་འཕེལ་རྒྱས་ལ་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། ཡིན་ནའང་། ལོ་ངོ་མང་པོའི་རིང་ལ། རྒྱལ་ཁབ་ཕྱི་ནང་གི་སྟོབས་ཤུགས་གསུམ་གྱིས་ཞིན་ཅང་གི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་མི་བསམ་པར་མི་རིགས་ཁ་བྲལ་རིང་ལུགས་ལ་ངན་སྐུལ་བྱས་ནས། དྲག་ཤུགས་འཇིགས་སྐུལ་སྤེལ་བར་རྩ་འཛུགས་དང་ཇུས་འགོད་བྱས་པ་དེས་ཞིན་ཅང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་གནོད་རྐྱེན་ཆེན་པོ་བཟོས། ༢༠༠༩ལོའི་“བདུན་པའི་ཚེས་ལྔ”ཉིན་གྱི་དོན་རྐྱེན་བྱུང་བ་ནས༢༠༡༣ལོར་ཧྲའན་ཧྲན་ལ་འཇིགས་སྐུལ་བས་འཇབ་རྒོལ་ཐེབས་པ་དང་། ཅང་མ་འགོར་བའི་སྔོན་ཏག་ཏག་ལ་བུའུ་ལུའུ་མུའུ་ཆི་མེ་འཁོར་འབབ་ཚིགས་ལྷོ་མ་ནས་འགད་རྫས་འགས་གཏོར་བཏང་བའི་དོན་རྐྱེན་བྱུང་། དྲག་ཤུགས་འཇིགས་སྐུལ་བའི་སྨྱོ་ཧམ་གྱི་བྱ་སྤྱོད་དེ་དག་གིས་ང་ཚོར་ཉེན་བརྡ་ཞིག་བཏང་བ་ནི། རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཁ་བྲལ་སྟོབས་ཤུགས་ཀྱིས་སྔར་བཞིན་དུ་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། སྤྱི་ཚོགས་བརྟན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གཏིང་རིམ་པའི་གནད་དོན་ད་དུང་རྩ་བ་ནས་ཐག་ཆོད་མེད་པས། ཞིན་ཅང་གི་ཁ་བྲལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་དུས་ཡུན་རིང་བ་དང་། རྙོག་འཛིང་ཆེ་བ། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པར་བརྟེན། དྲག་ཤུགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་།

དྲག་ཤུགས་འཇིགས་སྐུལ་བར་བཟོད་སྒོམ་བྱེད་པ་ནི་མི་དམངས་མང་ཚོགས་ལ་གནོད་སྐྱེལ་བ་ཡིན། དྲག་ཤུགས་འཇིགས་སྐུལ་བར་རྡུང་རྡེག་དང་འགོག་སྲུང་བྱེད་ན། ངེས་པར་དུ་རྩ་ལག་མཉམ་བཅོས་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས་ཏེ། ཕྱོགས་གཅིག་ནས་ཁྲིམས་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། དྲག་རྡུང་ནན་གནོན་གྱི་གནས་བབས་རྒྱུན་འཛིན་བྱེད་པ། ཚད་བརྒལ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རྡུང་རྡེག་ནན་མོ་དང་ལག་སྔ་འགུལ་གྱིས་དགྲ་བཅོམ་ནས།  དྲག་ཤུགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རང་བདག་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་ཡོངས་ཀྱི་འགོག་སྲུང་ཚོད་འཛིན་ནུས་པར་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཁག་ཐེག་བྱེད་པ། མཉམ་འབྲེལ་སྒོས་འགོག་སྲུང་ཚོད་འཛིན་དང་། མཉམ་འབྲེལ་སྒོས་འགོག་སྲུང་བཅོས་སྐྱོང་བྱས་ཏེ། དྲག་ཤུགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མི་དམངས་ཀྱི་འཐབ་འཁྲུག་ཅིག་བསླང་དགོས། ཚང་མའི་བསམ་བློ་ཀྲུང་དབྱང་གིས་གནས་བབས་ལ་དབྱེ་ཞིབ་བརྡར་གཅོད་བྱས་པའི་སྟེང་གཅིག་གྱུར་བྱེད་པ་དང་། ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ན། ད་གཟོད་རྦད་ཆོད་ཀྱི་རྣམ་འགྱུར་དང་ནུས་ལྡན་གྱི་བྱེད་ཐབས། ཕན་འབྲས་ལྡན་པ་དང་བྱེད་ཐབས་དྲག་པོ་སྤྱད་དེ་དྲག་ཤུགས་འཇིགས་སྐུལ་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་བཏང་སྟེ། ཞིན་ཅང་གི་མཐུན་སྒྲིལ་བརྟན་འཇགས་ཀྱི་ཆེ་ཕྱོགས་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་ཐུབ།

“ང་ཚོ་ཞིན་ཅང་སྐྱིད་པའི་ས་ཆ་རེད། ཐེན་ཧྲན་ལྷོ་བྱང་ཕྱུགས་ཀྱི་ཕ་ས་ཡིན། འབྱམས་ཀླས་བྱེ་ཐང་ཞིང་ས་གཤིན་པོར་གྱུར། གསེར་མདོག་སྙེ་མའི་དྲི་བསུང་ཕྱོགས་སུ་མཆེད།” ཞིན་ཅང་ལ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་དགོས་ན། ཐོག་མར་ཞིན་ཅང་ལ་བརྟན་འཇགས་དང་འཆམ་མཐུན་ཡོད་དགོས། དུས་དང་རྣམ་པ་ཀུན་ཏུ་ཀླད་པ་གསལ་བོ་བྱེད་དགོས་ལ། ཉམས་ཉེན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མཐའ་གཅིག་ཏུ་འགོག་སྲུང་ནན་མོ་དང་རྡུང་རྡེག་དྲག་པོ་བཏང་ཚེ། ང་ཚོས་དྲག་ཤུགས་འཇིགས་སྐུལ་བའི་ཧམ་སེམས་དྲག་པོ་རྨག་མེད་དུ་གཏོང་ཐུབ་པ་དང་། ཞིན་ཅང་གི་རིགས་སོ་སོའི་མི་དམངས་ལ་ཞི་འཇགས་འཆམ་མཐུན་གྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ནས། ཞིན་ཅང་ལ་མཛེས་སྡུག་གི་མ་འོངས་པ་ཞིག་བརྩོན་ལེན་བྱེད་དགོས། 

གོང་མ།:null
འོག་མ།:སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།