སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-01   རྩོམ་གྱི་ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་«སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར»་པར་སྐྲུན་འགྲེམ་སྤེལ་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བཀའ་ཁྱབ་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་དག་ཐེར་ལེགས་བཅོས་དང་ལག་བསྟར་བྱེད་པའི་ལས་འགན་གཙོ་བོར་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཐད་ཀྱི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་བྱེད་དགོས་བའི་རེ་བ་བཏོན།

བརྡ་སྦྱོར་ལས། མུ་མཐུད་དུ་ནུས་མེད་འཁོས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་ལེགས་སྒྲིག་བྱས་ནས། སྡེ་བ་དང་གཞིས་ཁུལ་གཙོ་བོར་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣ་བཟང་བོར་གདེམ་པ་དང་བེད་སྤྱོད་བཟང་བོ་བྱེད་པ། དེར་དོ་དམ་བཟང་བོ་བྱེད་པ་དང་། གྲོས་ཞིབ་བཞི་དང་ཕྱིར་སྒྲོག་གཉིས་སོགས་ཀྱི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེ་ལག་བསྟར་ནན་མོ་བྱས་ཏེ། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་དགོས་པ་དང་། ཚུལ་དང་མི་མཐུན་པའི་སྤྱོད་ངན་དང་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་པའི་བྱ་བའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། སྡེ་བ་དང་གཞིས་ཁུལ་སོགས་ཀྱི་གཞི་རིམ་ལས་བྱེད་པའི་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་དག་ཐེར་ལེགས་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དང་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས་ལ། སྡེ་བར་བསྡད་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ལས་ཁུངས་ཀྱི་ལས་གནས་ན་ཡོད་པའི་ཏང་ཡོན་གཞིས་ཁུལ་དུ་སོང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བྱེད་པ་དང་། ཏང་ཡོན་རྩ་འཛུགས་འཚོ་བར་ནན་མོ་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ལས་འགན་སྒྲུབ་ཚུལ་ལ་དཔྱད་འཇོག་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཇེ་ཚང་དང་ལག་བསྟར་བཟང་བོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་མགོ་ཁྲིད་ལ་ཤུགས་བསྣན་ནས། མཐོང་ཆེན་མི་བྱེད་པ་དང་། འགན་འཁྲི་ལག་བསྟར་བཟང་བོ་མི་བྱེད་པར། དུས་ལྟར་གྲོས་མོལ་དང་གསལ་འདེབས་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་ལག་བསྟར་བཟང་བོ་མི་བྱེད་པ་དང་། བྱ་བ་བཟང་བོ་མི་སྒྲུབ་པར། དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་དགོས་ལ། ནན་ཏན་མི་བྱེད་པ་དང་རྫུན་བཟོ་བྱེད་མཁན་ལ། སྐྱོན་བརྗོད་ནན་མོ་དང་འགན་འཁྲི་རྩད་གཅོད་བྱེད་དགོས་བའི་རེ་བ་བཏོན།

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཁྲིམས་འཛིན་རྒུད་སྐྱོབ་ལམ་ལུགས་ཀྱི་ལག་བསྟར་བྱེད་ཐབས་གཏན་ལ་ཕབ་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས&  
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱ'  
བོད་ལྗོངས་ཀྱི་ལས་ཁུངས་ཁུ་བསྡ'  
“རྒྱབ་ཕྱོགས་མེ་ཏོག་ལྡུམ་རར”རླུ&#  
ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་ག'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།