རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་དང་ཆབ་སྲིད་གཙང་སྐྱོང་། འཆམ་མཐུན་བརྗོད་གཞི་ཞེས་པའི་ཞབས་ཞུའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། རྨ་ལྷོ་ཁུལ་གསར་སྐརུན་གཞུང་སྒྲུབ་ཁང་།

       ཁྲིམས་ལ་བརྟེན་ནས་ཁུལ་སྐྱོང་བའི་གཞི་རྩའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་ཏེ་ཧུར་བརྩོན་གྱིས་ཁྲིམས་སྐྱོང་གི་རྨ་ལྷོ་དང་ཞི་བདེའི་རྨ་ལྷོ།  འཆམ་མཐུན་གྱི་རྨ་ལྷོ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པ། ཕྱོགས་ཡོངས་ནསདྲུག་ལྔའིཁྲིམས་ལུགས་ཡོངས་ཁྱབ་དང་ཁྲིམས་ལུགས་བདུནཞུགས ་ཀྱི་བྱ་འགུལ་དེ་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་རྨ་ལྷོ་ཁུལ་གྱིས་རེབ་གོང་རིག་གནས་ཐང་ཆེན་དུ་ཁྲིམས་སྐྱོང་དང་ཆབ་སྲིད་གཙང་སྐྱོང་།འཆམ་མཐུན་བརྗོད་གཞི་ཞེས་པའི་ཞབས་ཞུའི་བྱ་འགུལ་གཏིང་ཟབ་ཀྱིས་དྲིལ་སྒྲོག་བྱས་པ།

          ཁུལ་ཡོངས་བྱ་འགུལ་གྱི་ནང་ཞུགས་པའི་ལས་ཁུངས་དང་སྡེ་ཁག   ལས་རིགས་༤༠ལྷག་གིས་རེབ་གོང་ཐང་ཆེན་དུ་ཁྲིམས་ལུགས་སྲིད་ཇུས་དྲིལ་སྒྲོག་གྱི་བློ་འདོན་ཞབས་འདེགས་སྟེགས་བུ་༤༠ལྷག་བཤམ་པ་དང་།  བྱ་འགུལ་གྱི་ཡུལ་དངོས་ནས་ཁྲིམས་ལུགསཤེས་བྱའི་དྲིལ་སྒྲོག་རྒྱུ་ཆ་༥༠༠༠བྱིན་པ།  ཁྲིམས་ལུགས་སོ་སོའི་དྲིལ་བསྒྲོགས་ཀྱི་ལག་དེབ༣༨༠  ཡུལ་དངོས་ཁྲིམས་ལུགས་འདྲི་རྟོགས་དྲིས་ལན་ཐེངས་༤༠ལྷག   བྱ་འགུལ་གྱི་སྐབས་ད་དུང་རིག་རྩལ་ཆེ་གྲས་འཁྲབ་སྟོན་བྱས་པ།  མང་ཚོགས་ཤེས་རིག་འགྲན་བསྡུར་གྱི་ནང་དངོས་སུ་ཞུགས་ཏེ་དྲིས་ལན་འདེབས་པ།  སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་བརྒྱུད་དེ། སློབ་གསོའི་ནང་དུ་སྤྲོ་སེམས་ཡོད་པའི་བྱ་འགུལ་ཞུགས་པ་བརྒྱུད་དེ་ཁུལ་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དྲིལ་སྒྲོག་སློབ་ཁྲིད་ཐེངས་ཤིག་བྱས་པ།  ཁྲིམས་ལུགས་ཤེས་བྱ་དང་། ཆབ་སྲིད་གཙང་སྐྱོང་གི་རིག་གནས་ཤེས་བྱ།  ན་གཞོན་གྱིས་ཁྲིམས་འགལ་བྱ་སྤྱོད་བྱེད་པར་སྔོན་འགོག   ཁོར་ཡུག་སྲུང་སྐྱོབ།  དམངས་འཚོའི་ཤེས་བྱ། ཁྲལ་སྡུད་བཅའ་ཁྲིམས་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། ཁྲིམས་སྐྱོང་གི་རྨ་ལྷོ་དང་ཞི་བདེའི་རྨ་ལྷོ།འཆམ་མཐུན་གྱི་རྨ་ལྷོ་འཛུགས་སྐྲུན་བྱེད་པར་ཁ་དབུགས་གསར་པ་ཞིག་སྐྲུན་ཡོད་པ། 

གོང་མ།:null
འོག་མ།:ཐུན་རིན་རྫོང་གིས་རེབ་གོང་དམངས་ཁྲོད་ཟློས་གར་མཉམ་འཁྲབ་བདེ་བླགས་ངང་ལེགས་གྲུབ་བྱུང་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།