ཉི་འོད་སྟོང་ལྡན་གྱི་ལུས་རྩལ་གྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་བཞད།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། རྨ་ལྷོ་ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་།

རྨ་ལྷོ་ཁུལ་གྱིས་སྐབས་དང་པོར་བསྒྲུབས་པའིམི་རིགས་མཐུན་སྒྲིལ་གྱི་འགྲན་བསྡུར་བུམ་པའིདམའ་འབྲིངསློབ་མའི་ལུས་རྩལ་འགྲན་ཚོགས་དང་མཐོ་སྒང་ནས་འཇོན་ཐང་ཅན་གྱི་ལུས་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་འཆར་གཞིའིབྱ་འགུལ་ལག་བསྟར་བྱེད་པ། 

ཉེ་ལམ།   རྨ་ལྷོ་ཁུལ་གྱིས་བསྒྲུབས་པའི་རྨ་ལྷོ་འཆམ་འཐུན་དང་ཉི་འོད་ལུས་རྩལབརྗོད་གཞི་བྱས་པའི་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་གྱི་འགྲན་བསྡུར་བུམ་པའིདམའ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་མཐོ་སྒང་ནས་འཇོན་ཐང་ཅན་གྱི་ལུས་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་འཆར་གཞིའི་བྱ་འགུལ་ལག་བསྟར་བྱས།  བྱ་འགུལ་གྱི་དུས་ཡུན་ནི་ཉིན་གསུམ་དང་།  སྤྱི་བསྡོམས་པས་གླུ་དབྱངས་དང་གཟུགས་མཛེས་ཁམས་བཟང་གི་ལུས་རྩལ།  སྐྱེས་པའི་ལག་རྩལ་སྤོ་ལོ།  ལྗིད་འདེགས་སོགས་རྣམས་གྲངས་ཆེ་བཞི་དང་ཆུང་བ་༡༥ཡོད།   རྫོང་བཞི་དང་རང་ཁུལ་གྱི་སློབ་གྲྭ་གསུམ་གྱིས་གྲུབ་པའིརུ་ཁག་༧གྱི་འཐུས་ཚབ་ཚོ་ཆུང་གི་སློབ་འབྲིང་སློབ་མའི་ལུས་རྩལ་པ་༢༥༥ཡིས། གླུ་དབྱངས་དང་གཟུགས་མཛེས་ཁམས་བཟང་གྱི་ལུས་རྩལ།  ལྒང་ལི།  རྒྱང་རྒྱུགས་སོགས་ཀྱི་རྣམས་གྲངས་ཁྲོད་འགྲན་རྩོད་བྱས་ཏེ་རྨ་ལྷོའི་རིགས་སོ་སོའི་སློབ་འབྲིང་སློབ་མའི་བདེ་བླགས་ཡར་ཐོན་དང་དཔར་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དེས།  ཕྱོགས་བསྡུས་ཀྱིས་རྨ་ལྷོ་ནི་མཐུན་སྒྲིལ་དང་འཆམ་མཐུན། དཔལ་ཡོན་བཅས་ཀྱི་རྣམ་པ་གསར་པའི་འོག་སྤུས་ཚད་སློབ་གསོར་སྐུལ་སྤེལ་དང་ཉི་འོད་ལུས་རྩལ་བྱ་འགུལ་གྱིས་བླངས་པའི་གྲུབ་འབྲས་ཤུགས་ནུས་ཀྱིས་སྤེལ་བ།

         སྐབས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་རིགས་མི་གཅིག་པའི་ལུས་རྩལ་མི་སྣའི་གྲུབ་པའི་འགྲན་ཞུགས་འཐུས་མི་ཚོསཕན་ཚུན་ལསློབ་སྦྱོང་དང་ཕན་ཚུན་ལ་གྲོས་བསྡུར།  དགེ་ལེན་སྐྱོན་སེལ་གྱིས་ཚང་མའི་དམིགས་ཡུལ་མངོན་འགྱུར་བྱས་ཡོད་པ། རྣམ་གྲངས་སོ་སོའི་འགྲན་བསྡུར་ཁྲོད་དཀའ་ངལ་ལ་མི་སྐྲག་པ་དང་རང་ཉིད་འགྲན་སླང་། བརྩོན་ལེན་བྱེད་ཕོད་པ་དེས་འགྲན་བསྡུར་གྱི་ཁྱད་གཤིས་དང་ཆུ་ཚད་མངོན་ཡོད་པར་མ་ཟད་ཚང་མའི་བརྩོན་ལེན་ཡར་བསྐྱེད་དང་མཐུན་སྒྲིལ་རོགས་རེས་ཀྱི་རོལ་དབྱངས་ལེ་ཚན་བྲིས་ཡོད།  ཉིན་གཉིས་དང་ཕྱེད་ཀའི་འགྲན་བསྡུར་ཁྲོད།  འགྲན་ཞུགས་པ་ཚོས་ནམ་ཡང་མི་ཕམཔ་དངའབད་འབུངས་མཐའ་འཁྱོལ་གྱི་སྙིང་སྟོབས།  ཤན་འབྱེད་པའི་ཆེད་ལས་ཚད་ལྡན་དང་།   བྱ་བ་བྱེད་མཁན་གྱི་བྱ་བར་དོ་ཁུར་བྱེད་པ་དང་བྱ་བར་དགའ་སེམས་བྱེད་པའི་བྱ་སྤྱོད་དེས་ལྟད་མོ་བའི་མི་རེ་རེའི་སེམས་གཏིང་ལ་སིམ་པར་བྱས་ཡོད་པ་མ་ཟད།  རྒྱ་ཆེ་བའི་མང་ཚོགས་ཀྱི་དཔྱད་བརྗོད་བཟང་པོ་ཐོབ་ཡོད།   ཉིན་གཉིས་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བརྒྱུད་དེ།  སྐབས་འདིའི་སློབ་འབྲིང་སློབ་མའི་ལུས་རྩལ་བྱ་འགུལ་སྟེང་ཚོགས་པའི་བྱ་དགའ་བདུན་དང་།  རྩ་འཛུགས་བྱ་དགའ་བརྒྱད་ཐོབ་ཡོད།   འབྲིང་རྒྱུགས་ཀྱི་རྣམ་གྲངས་ཁྲོད་མི་སྒེར་གྱི་བྱ་དགའ་༧༢བྱུང་བ་དང་།  ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་མི་༡༤ལ་་འདེམས་བསྐོ་བྱུང་བ།  ན་ཆུང་འགྲན་ཞུགས་མཁན་ཚོས་འགྲན་བསྡུར་ཁྲོད་གྲོས་བསྡུར་དང་མཐུན་འབྲེལ།   རོགས་འདེགས་འཆམ་མཐུན་གྱིས་ལག་རྩལ་འགྲན་བསྡུར་གྱི་བྱ་འགུལ་དང་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ཕྱིར་མངོན་ཡོད་པ་མ་ཟད་ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་འབྲས་བུ་བླངས་ཡོད་པ་མ་ཟད་རང་ཁུལ་གྱི་དམངས་ཡོངས་ཀྱི་གཟུགས་གཞི་བདེ་འཇུག་ལུས་རྩལ་དང་སློབ་གྲྭའི་ལུས་རྩལ་གྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་བྱེད་ནུས་ཐོན་ཡོད།

གོང་མ།:null
འོག་མ།:རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒྱད་ཀྱི་བྱེད་ཕྱོགས་གཏིང་ཟབ་ཀྱིས་སྤེལ་བ།
 གསར་འཛུགས་གནས་ཚུལ།
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།