རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒྱད་ཀྱི་བྱེད་ཕྱོགས་གཏིང་ཟབ་ཀྱིས་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2015-04-24   རྩོམ་གྱི་ཡོང་ཁུངས། རྨ་ལྷོ་ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་།

གོམ་གང་མདུན་སྤོས་ཀྱིས་མང་ཚོགས་ཀྱི་གསར་སྐྲུན་བྱ་བའི་ཤེས་ཚད་དང་ཞུགས་ཚད་མི་མཐོ་བའི་གནད་དོན་ཐག་གཅོད་ཆེད། རྨ་ལྷོ་ཁུལ་གྱིས་མི་རིགས་   མཐུན་སྒྲིལ་ཡར་རྒྱས་དྲིལ་བསྒྲོགས་ཁྲོད། རྣམ་གྲངས་བརྒྱད་ཀྱི་བྱ་བ་སྤེལ་དེ་གསར་སྐྲུན་དྲིལ་བསྒྲོགས་བྱ་བའི་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་བ།

དང་པོ་ནི་ཁུལ་དང་རྫོང་བརྙན་འཕྲིན་གི་དང་ཚགས་པར་གྱི་སྟེང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཆེད་དོན་ལེ་ཚན་བཙུགས་ཏེ་གསར་སྐྲུན་བྱ་བ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་མཚོན་ལྡན་པ་དྲིལ་བསྒྲོགས་བྱེད་པ།

གཉིས་ནི་ཁུལ་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཚགས་པར་གྱི་ཤེས་རིག་འགྲན་བསྡུར་དང་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལས་བྱེད་པས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གྱི་ཤེས་རིག་འགྲན་བསྡུར་སྤེལ་བ།

གསུམ་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་དང་ཞིང་ཆེན་ལྟེ་གནས་ཀྱི་ཆེད་མཁས་ཁྲོད། རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་རྟགས་ཞིབ་སྙན་ཞུ་དང་གཞུང་ལུགས་ཞིབ་འཇུག་གི་རྩོམ་རིག་འཚོལ་བསྡུ་བྱེད་པ་དང་ཆབས་ཅིག་དུས་ཐོག་ཏུ་དཔྱད་བསྡུར་གྲོས་ཚོགས་དེ་རྟགས་ཞིབ་གྲུབ་འབྲས་འཕོ་འགྱུར་སྐུལ་སྤེལ་བྱེད་པ།

བཞི་ནི་ཁུལ་ཡོངས་ཀྱིས་ཞབས་འདེགས་ཞབས་ཞུའི་ལས་རིགས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུ་བ།

ལྔ་ནི་ཁུལ་དང་རྫོང་གི་གྲོང་ཁྱེར་ནང་ཁུལ་གྱི་འཇུག་སྒོའི་ངོས་དང་གྲོང་ཁྱེར་གྱི་སྲང་ལམ་གཙོ་བོར་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བརྗོད་དོན་དྲིལ་བསྒྲོགས་བྱང་བུ་འགེལ་བ།

དྲུག་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་སློབ་གྲྭས་བརྗོད་དོན་ཚོགས་འདུ་དང་གཏམ་བཤད་འགྲན་བསྡུར། རིག་རྩལ་མཉམ་འཁྲབ། ནག་པང་ཚགས་པར། ལག་བྲིས་ཚགས་པར་གྱི་རྣམ་པ་སྒོས་བརྗོད་བྱའི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་སློབ་གསོར་དྲིལ་བསྒྲོགས་བྱེད་པ། བདུན་ནི་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཕྱོགས་བསྡོམས་ཀྱི་བསྟོད་བསྔགས་ཚོགས་འདུ་བསདུ་བ། རིམ་པ་སོ་སོའི་ངོས་ནས་བསྟོད་བསྔགས་བྱ་དགའི་བྱ་འགུལ་སྤེལ་བ། བརྒྱད་ནི་རེབ་གོང་རིག་གནས་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་རྒྱས་བརྗོད་གཞི་བྱས་པའི་རིག་གནས་ཐང་ཆེནགྱི་བྱ་འགུལ་སྤེལ་བ། རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་བྱ་འགུལ་བརྒྱུད་དེ་མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་གསར་སྐྲུན་བྱ་བར་དྲིལ་བསྒྲོགས་བྱེད་པ།

 

 

གོང་མ།:ཉི་འོད་སྟོང་ལྡན་གྱི་ལུས་རྩལ་གྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་བཞད།
འོག་མ།:རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དམིགས་སུ་བཟུང་སྟེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགསསྣོན་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་བྱང་དང་མཚོ་ནུབ་ཁུལ་གཉིས་'  
རྨ་ལྷོས་གནད་ས་འབུར་ཐོན་གྱིས་'  
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།