རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཡུན་ནན་ཁུན་མིང་ནས་ཚབས་ཆེན་དྲགས་ཤུགས་ཀྱི་འཇིགས་སྐུལ་དོན་རྐྱེན་ལ་ཤུགས་ཆེན་གྱིས་སུན་འབྱིན་བྱེད་པའི་ཁྲོམ་བསྒྲགས་ཡི་གེཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་དང་རྒྱ་ཆེ་བའི་གྲྭ་བཙུན།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

       ཟླ་༣པའི་ཚེས་༡ཉིན།རྒྱལ་ཡོངས་མི་དམངས་ཀྱིས་དགའ་སྤྲོའི་ངང་ཚོགས་ཆེན་གཉིས་པ་བསུ་བ་བྱས་

ཏེ་ཕྱོགས་ཡོངས་ནས་གཏིང་ཟབ་བཅོས་བསྒྱུར་གྱི་བྱ་བར་སེམས་པའི་གོང་བུ་གཅིག་ཏུ་འགྲིལ་བའི་དུས་དེར་།  ཡུན་ནན་ཁུན་མིང་རླངས་འཁོར་ས་ཚིགས་སུ་ཚབས་ཆེན་དྲགས་ཤུགས་ཀྱི་འཇིགས་སྐུལ་དོན་རྐྱེན་བྱུང་བ་ཡིན།  ངོ་གདོང་བཀབ་པའི་ཇག་རྐུན་༡༠ལྷག་གིས་ལག་ཏུགྲི་བཟུང་སྟེ་ཉེས་མེད་མང་ཚོགས་གསོད་གཏུབ་བྱས་པས་མི་༢༩ཙམ་ཤི་བ་དང་།  འབངས་མི་༡༢༩ལ་རྨས་སྐྱོན་ཕོགཡ་ང་བའི་གནས་ཚུལ་བྱུང་བ་དེས་རྒྱལ་དམངས་ལ་སྐྱི་

གཡའ་བར་བྱས་པ་མ་ཟདའཛམ་གླིང་ཡོངས་ལ་སྐྱི་གཡའ་བར་བཏང་།རྨ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྱིས་

ཡུན་ནན་ཁོན་མང་ཚབས་ཆེན་དྲགས་ཤུགས་ཀྱི་འཇིགས་སྐུལ་དོན་རྐྱེན་ལ་ཤུགས་དྲག་པའི་སུན་འབྱིན་བྱས།

       རྒྱལ་ཁབ་གང་དང་གང་འདྲ་ཞིག  སྤྱི་ཚོགས་གང་འདྲ་ཞིག དུས་སྐབས་གང་འདྲ་ཞིག་ཡིན་རུང་ཉེས་མེད་

རྣམས་ལ་ཁ་གཏད་དེ་མི་སེར་དམིགས་འབེན་བྱས་ཏེ་དྲགས་ཤུགས་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ནི་བྱེད་རྒྱུ་ཅི་ཡང་མེད་པའི་དྲགས་ཤུགས་འཇིགས་སྐུལ་གྱི་ཉེས་ཅན་རེད། དྲགས་ཤུགས་འཇིགས་སྐུལ་བའི་རྩུབ་སྤྱོད།  བྱེད་ཐབས་གདུག་རྩུབ།  མི་གཤིས་མེད་པ།མི་ཆོས་དང་བྲལ་བའི་གདུག་རྩུབ་ཚབས་ཆེན་གྱིས་རྒྱལ་ཁབས་ཀྱི་

ཁྲིམས་ལུགས་དང་ཆོས་ལུགས་ཀྱི་ནང་དོན་ལ་རྒྱབ་འགལ་བྱས་པ་དང་མིའི་རིགས་ལ་རྒོལ་བའི་བྱ་སྤྱོད་དང་

ཤེས་རིག་ལ་ངོ་རྒོལ། སྤྱི་ཚོགས་ལ་ངོ་རྒོལ་གྱི་རང་བཞིན་མངོན་པར་མཚོན་ཡོད།འདི་ལྟ་བུ་ལ་རྩ་འཛུགས་ཡོད་

པ་དང་ངན་ཇུས་ཡོད་པའི་ཉེས་ཅན་གྱི་བྱ་སྤྱོད་དེས་ཚབས་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཟིལ་

ཤུགས་རྡོག་བརྫིས་སུ་བཏང་།  འཇིག་རྟེན་མི་ཆོས་རྡོག་བརྫིས་བཏང་།  མི་རིགས་མཐུན་སྒྲིལ་ལ་གཏོར་

བརླག་དང་སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་བྱས་པའི་ཚབས་ཆེན་ཉེས་ཅན་གྱི་བྱ་སྤྱོད་རེད །མ་འོངས་

པར་ངེས་པར་དུ་ཤུགས་དྲག་སྒོས་སུན་འབྱིན་དང་ཁྲིམས་ལུགས་ཀྱིས་ཉེས་ཆད་གཅོད་པ།

     ང་ཚོ་རྒྱལ་ཁབ་ཀྱི་འབངས་མི་ཡིན་པའི་ཆ་ནས།ངེས་པར་དུ་མེས་རྒྱལ་ལ་དགའ་བ་དང་།མི་དམངས་ལ་

དགའ་བ།  ཁྲིམས་ལུགས་སྲུང་བ།  བདེན་རྫུན་གྱི་དབྱེ་བ་ཤེས་པ། སྤྱི་ཚོགས་ལ་གནོད་འཚེ་དང་མི་དམངས་ཀྱི་

ཁེ་ཕན་ལ་གནོད་པའི་འཇིགས་སྐུལ་གྱི་དོན་རྐྱེན་བྱུང་བ་ལ་གཏན་ནས་བཟོད་སྒོམ་བྱེད་མི་སྲིད།  ནང་བའི་སློབ་མ་ཞིག་ཡིན་པའི་ཆ་ནས་ང་ཚོས་འཆམ་མཐུན་ལ་རེ་སྨོན་དང་འདྲ་མཉམ་དར་སྤེལ། སྲོག་གཅོད་པ་ལ་ངོ་རྒོལ།  རྩ་བ་ནས་དྲགས་ཤུགས་འཇིགས་སྐུལ་གྱི་རྣམ་པའི་བྱ་འགུལ་གང་རུང་ལ་ངོ་རྒོལ།  ང་ཚོས་བོད་རྒྱུད་ནང་བསྟན་དང་རྒྱལ་སྲུང་དམངས་ཕན་དར་སྤེལ་གཏོང་བ། སེམས་ཅན་སྙིང་རྗེར་སྒོམ་པའི་

སྲོལ་རྒྱུན་བཟང་བོའི་དར་ཆ་གསར་འཛུགས།ལངས་ཕྱོགས་བརྟན་པོས་ཁ་བྲལ་ངོ་རྒོལ་སུམ་འཛུལ་རང་སྲེག་

འཐབ་རྩོད་ལ་ངོ་རྒོལབྱེད་པ། མི་རིགས་འཆམ་མཐུན་ལ་སྐུལ་བ།ཆོས་ལུགས་གཤིས་འཇམ།སྤྱི་ཚོགས་འཆམ་

མཐུན་བྱས་ཏེ་འབྱོར་ཕྱུགས་དཔལ་ཡོན་གྱི་འཆམ་མཐུན་བསྐྲུན་པ།ཁྲིམས་སྐྱོང་སྒོ་འབྱེད་བཟོད་སྒོམ་གྱི་རེབ་གོངགསར་བ་འཛུགས་པར་བྱས་རྗེས་འཇོག་པ།

 

 

གོང་མ།:རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དམིགས་སུ་བཟུང་སྟེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགསསྣོན་པ།
འོག་མ།:ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲོས་གྲངས་ཉུང་མི་རིགས་གྱི་ཨུ་ཡོན་འབྲེལ་འཛུགས་གྲོས་བསྡུར་ལ་ཞུགས་པའི་སྐབས་གསུང་དོན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་མོའི་ཆབ་སྲིད་ཀྱི་རྣམ་པ་ལ་གཅེས་སྤྲས་བྱེད་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།