ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲོས་གྲངས་ཉུང་མི་རིགས་གྱི་ཨུ་ཡོན་འབྲེལ་འཛུགས་གྲོས་བསྡུར་ལ་ཞུགས་པའི་སྐབས་གསུང་དོན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་མོའི་ཆབ་སྲིད་ཀྱི་རྣམ་པ་ལ་གཅེས་སྤྲས་བྱེད་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

པེ་ཅིན་ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ་༣པའི་ཚེས་༤ཉིནཀྲུང་གུང་ཀྲུང་དབྱང་སྤྱི་

ཁྱབ་ཧྲུའུ་ཅི། རྒྱབ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་

ཕིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིལིས་

ཁུ་ཆིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས།རྒྱལ་ཡོངས་མི་དམངས་འཐུས་མི་

ཚོགས་ཆེན་གྱི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས། 

རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཡུའུ་ཀྲིན་ཧྲིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས།  ཀྲུང་དབྱང་ཧྲུའུ་ཅུའུ་ཁྲུའུ་ཧྲུའུ་ཅི་ལི་ཡོན་ཧྲན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་

ལས། ཀྲུང་དབྱང་སྒྲིག་ཁྲིམས་ཧྲུའུ་ཅི་བང་ཀྲི་ཧྲན།  ཀྲུང་གུང་ཀྲུང་དབྱང་ཆབསྲིད་ཅུའུ་རྒྱུན་

ལས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལས་སོགས་ཀྱིས་ཚེས་༤ཉིནརེ་རེ་བཞིན་

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་བའི་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་ཨུ་ཡོན་

གཟིགས་མོལ་ལ་ཞུགས་པ་དང་ཚོ་ཆུང་གྲོས་བསྡུར་གྱི་ནང་དུའང་ཞུགས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་ཇུས་གཞི་ལ་གྲོས་བསྡུར་བྱས།

      ཚེས་༤ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིན་གྲངས་ཉུང་མི་རིགས་ཁུལ་ཨུ་ཡོན་འབྲེལ་འཛུགས་

ཚོགས་པར་ཞུགས།  འབྲེལ་འཛུགས་ཚོགས་ཐོག་ཏུ། འཇིག་མེད་རྣམ་རྒྱལ།ཨེ་ནུ་བ་ཨར་ཡིས་

མན། བོའི་ཨན།  ཨར་ཧྲི་ལོ་ཀྲི།  ཆོན་ཀྲེན་ཙི།མ་ཧི་ཁྲིན་སོགས་ཨུ་ཡོན་རྣམས་ཀྱིས་མི་རིགས་

སོ་སོར་མཐུན་སྒྲིལ་ཆེན་མོ་ཤུགས་རྟེནདང་མགྱོགས་མྱུར་ངང་མི་རིགས་ས་ཁུལ་གྱི་སྤྱི་ཚོགསདཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནད་དོན་སྐོར་ལ་ཧུར་ཐག་གིས་གཏམ་བཤད་གནང་། ཞི་ཅིན་ཕིན་གྱིས་གཟབ་ནན་གྱིས་མི་ཚང་མས་གཏམ་བཤད་གནང་བ་ལ་ཉན་པ་དང་

སྐབས་རེར་བཤད་མཚམས་བཅད་དེ་ཨུ་ཡོན་རྣམས་དང་གྲོས་བསྡུར་བྱས་པ་མ་ཟད་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས།  ཞི་ཅིན་ཕིན་གྱིས་གཏམ་བཤད་ལས་བསྟན་དོན།རང་

རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པའི་རྒྱལ་ཁབ་ཅིག་ཡིན།མི་རིགས་བྱ་བ་སྤྱི་ཡོངས་དང་འབྲེལ་ཡོད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་

འཁྱོངས་བྱ་རྒྱུ་ནི་རྣམ་པ་གསར་བའི་འོག་མི་རིགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་གདེང་ཚོད་ཡོད་པ་བྱེད་རྒྱུ། ཕྱོགས་ཡོངས་

ནས་ཏང་གི་སྲིད་ཇུས་དོན་འཁྱོལམཐར་ཕྱིན་བྱེད་རྒྱུ། མི་རིགས་རང་སྐྱོང་ས་ཁུལ་གྱི་ལམ་

ལུགས་རྒྱུན་འཁྱོངས་དང་འཐུས་འཚང་དུ་གཏོང་བ། མི་རིགས་སོ་སོའི་མི་དམངས་ཀྱིས་

རླབས་ཆེ་བའི་མེས་རྒྱལ་ལ་ངེས་ལེན་ཤུགས་སྣོན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ལ་ངེས་ལེན།  ཀྲུང་ཧྭའི་རིག་གནས་ལ་ངེས་ལེན་ཐོབ་པ་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་

ལུགས་ཀྱི་བགྲོད་ལམ་ལ་ངེས་ལེན་བཅས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་

མཐུན་སྒྲིལ་དང་སྤྱི་ཚོགས་བདེའཇགས། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། ཧུར་

བརྩོན་གྱིས་ཆ་རྐྱེན་བསྐྲུན་པ།  ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་དང་མི་

རིགས་ས་ཁུལ་གྱི་མང་ཚོགས་ལ་མུ་མཐུད་དུ་དོན་དངོས་ཀྱི་ཕན་ཁེ་ཐོབ་པར་བྱེད་པ།མཐུན་

སྒྲིལ་བདེ་འཇགས་ནི་བདེ་སྐྱིད་ཡིན་ལ་ཁ་བྲལ་ངོ་རྒོལ་ནི་ཆགས་སྒོ་ཡིན། མི་རིགས་སོ་སོས་

མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་། མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་

ཡོངས་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་བརྗོད་གཞི་ཡིན། གཏིང་ཟབ་པའི་སྒོ་ནས་མི་རིགས་ མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་སྤེལ་བ།  མི་རིགས་སོ་སོས་དབུགས་མཉམ་ལེན།ལས་

དབང་མཉམ་སྤྱོད། སེམས་པ་གཅིག་ཏུ་སྦྲེལ་ཏེ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མི་རབས་

ནས་མི་རབས་བར་དུ་སྤེལ་བ། རྒྱལ་ཡོངས་མི་རིགས་སོ་སོས་མི་རིགས་མཐུན་སྒྲིལ་ཆེན་མོའི་

ཆབ་སྲིད་ཀྱི་རྣམ་པ་ལ་ཚང་མས་གཅེས་སྤྲས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གནོད་འཚེ་

ཡོད་པའི་བྱ་སྤྱོད་ཚང་མར་དགག་པ་རྒྱག་རྒྱུ།  བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལུགས་གཞིར་

བཟུང་ནས་ཁྲིམས་ཆད་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་རྡུང་རྡེག་བྱེད་རྒྱུ།  མི་རིགས་མཐུན་སྒྲིལ་བརྟན་སྲུང་།  སྤྱི་ཚོགས་བདེ་འཇགས།རྒྱལ་ཁབ་གཅིག་གྱུར་གྱི་ལྕགས་

རི་བརྟན་པོ་ཞིག་འཛུགས་པ།ཞི་ཅིན་ཕིན་གྱིས་གྲངས་ཉུང་མི་རིགས་ཁུལ་གྱི་ཨུ་ཡོན་རྣམས་ལ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ་རྣམ་པ་གསར་བའི་འོག་མི་རིགས་ཀྱི་བྱ་བ་བློ་འདོན་གྱི་རབ་འདེགས་བྱེད་མཁན་དང་བློ་འདྲི་ཐབས་ཇུས་ཀྱི་ནུས་བ་ལྡན་དགོས་པའིརེ་བ་བཏོན། ཡིས་ཀྲན་ཧྲིན་དང་མཉམ་གཅིག་ཏུ་འབྲེལ་འཛུགས་ཚོགས་འདུ་ལ་ཞུགས།

 

 

གོང་མ།:རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཡུན་ནན་ཁུན་མིང་ནས་ཚབས་ཆེན་དྲགས་ཤུགས་ཀྱི་འཇིགས་སྐུལ་དོན་རྐྱེན་ལ་ཤུགས་ཆེན་གྱིས་སུན་འབྱིན་བྱེད་པའི་ཁྲོམ་བསྒྲགས་ཡི་གེཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་དང་རྒྱ་ཆེ་བའི་གྲྭ་བཙུན།
འོག་མ།: གཅན་ཚ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སློབ་གྲྭའི་གསར་སྐྲུན་བྱ་འགུལ་བརྟན་བརླིང་ངང་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།