རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་ཁུན་མིང་3.01དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ལ་ཤུགས་དྲག་པའི་སུན་འབྱིན་བྱེད་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-04-15   རྩོམ་གྱི་ཡོང་ཁུངས།

ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ནས“༣.༠༡ཚབས་ཆེ་བའི་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་བྱུང་བའི་རྗེས་སུ།།  རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ཚོགས་ཀྱི་མི་སྣ་དག་གིས་ཤུགས་དྲག་པའི་སུན་འབྱིན་བྱེད་བཞིན་ཡོད།

      ཟླ་༣ཚེས་༣ཉིན་གྱི་ཕྱི་དྲོར།རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་དེ་ཡུན་ནན་ཞིང་ཆེན་ཁུན་མིང་གོང་ཁྱེར་ནས་བྱུང་བའི་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་ལ་ཤུགས་དྲག་པའི་སུན་འབྱིན་བྱེད་པ།  ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ།  རྒྱལ་སྲིདསྤྱི་ཁྱབ་ཁང་གི་ཙོང་ལུ་ལིས་ཁུ་ཆིང་གི་གལ་ཆེ་བའི་མཆན་བཀོད་མཛུབ་སྟོན་དང་མི་དམངས་ཉིན་རེའི་ཚགས་པར་གྱི་ དཔྱད་གཏམ་

བརྗོད་མཁན་བུན་ཀྲང་སོགས་ཀྱིས“༣.༠༡གི་ཛ་དྲག་འཇིགས་སྐུལ་དོན་རྐྱེན་ཇི་ལྟར་ཐག་བཅད་པའི་གནས་ཚུལ་བརྡ་ཁྱབ་སྤེལབ།

             ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཁུལ་དབྱི་སི་ལན་ཆོས་ཚོགས་ཀྱི་ཚོགས་གཙོ་མ་ཁི་ཧྲིན་དང་དབྱི་སི་ལན་ཆོང་ཁང་གི་འ་ཡན་དང་དབྱི་སི་ལན་ཆོས་ཁང་གི་དམངས་ལ་དོ་དམ་བྱེད་པའི་ཚོགས་གཙོ་

བཅས་ཀྱིས་མགྲིན་གཅིག་གིས༣.༠༡འཇིགས་སྐུལ་དོན་རྐྱེན་ཤུགས་དྲག་པའི་སུན་འབྱེན་བྱེད་ཀྱིན་ཡོད། ཚང་མའི་འདོད་ཚུལ་ལ་འདི་ནི་ཧ་ཅང་སྐྱུག་བྲོ་བའི་འཇིགས་སྐུལ་འཇབ་རྒོལ་ཤིག་ལ་ངོས་

བཟུང་ཡོད།  དྲག་ཤུགས་འཇིག་སྐུལ་པས་མི་མང་འདུ་ས་ནས་ཉེས་མེད་དམར་གསོད་བྱེད་པ། གདུག་རྩུབ་ཆེ་བ། སྙིང་རྗེ་དང་བྲལ་བ། མི་གཤིས་དང་བྲལ་བ།  ཁོ་ཚོའི་སྐྱི་གཡའ་བའི་རྩུབ་སྤྱོད་དེ་དག་གིས་

མཛེས་སྡུག་ལང་ཚོ་ངོམས་པའི་ཚེ་སྲོག་མང་པོ་ཞིག་གློ་བུར་ཉིད་དུ་མེད་པར་བཏང་པ་དང་ཚབས་ཆེ་བའི་སྒོ་ནས་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་གནོད་སྐྱོན་བཟོས་པ།  ཁོ་ཚོས་འཛེམ་བག་མེད་

པར་མིའི་ཚེ་སྲོག་རྡོག་བརྫིས་སུ་གཏོང་བ་དང་མིའི་བདག་བདང་ལ་རྩུབ་སྤྱོད་བྱེད་པའི་ངོ་བོ་དེས་སྤྱི་ཚོགས་ལ་གཏོར་བརླག་དང་མིའི་རིགས་ཀྱི་བདེ་འཇགས་ལ་གཏོར་བརླག་བྱེད་པའི་ངོ་གདོང་ཕྱིར་

མངོན་ཡོད།ཁོ་ཚོའི་རྩུབ་སྤྱོད་དེ་དག་གིས་མི་དམངས་ཀྱི་ཚེ་སྲོག་རྩིས་མེད་དུ་གཏོང་བ་དང་།  ཁྲིམས་ལུགས་ཀྱི་ཟུལ་ཤུགས་ལ་རྒྱབ་འགལ་བྱེད་པ།   དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་མཉམ་གནས་དང་མིའི་

རིགས་ཀྱི་རིག་གནས་དཔལ་ཡོན་མཉམ་གནས་ཀྱི་འགྲན་སྡུར་ཤིག་རེད།  འཇིགས་སྐུལ་རིང་ལུགས་པ་གནས་གང་དང་གང་དུ་བྱུང་བ་དང་སུས་མགོ་ཁྲིད་བྱེད་པ་དང་ཀུན་སློང་ཇི་འདྲ་ཞིག་བཟུང་ཡོད་

ནའང་ཚང་མ་ནག་ཉེས་ཀྱི་བྱ་སྤྱོད་ཡིན་པས་དེས་ཉེས་འགན་ལས་གཡོལ་ཐབས་བྲལ། ང་ཚོས་མི་ཆོས་དང་བྲལ་བའི་ཉེས་བསགས་སྤྱོད་ཚུལ་་ལ་ཤུགས་དྲག་པའི་སུན་འབྱིན་བྱེད་ཀྱིན་ཡོད།  ད་སྐབས་ཕྱོགས་

ཡོངས་ནས་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པའི་གནད་འགག་གི་དུས་ཡིན་པས།  མི་དམངས་མང་ཚོགས་ཀྱིས་འཆན་མཐུན་ཁོར་ཡུག་ལས་འཚོ་བ་ཇེ་ལེགས་དང་མ་འོངས་པར་མཛེས་སྡུག་ལྡན་པ་རེ་སྨོན་

བྱེད་བཞིན་ཡོད། ཚང་མའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་ལྟར་དེ་ལ་བརྩི་བཀུར་བྱེད་པ་དང་དྲག་ཤུགས་འཇིགས་སྐུལ་གྱི་བྱ་འགུལ་ལ་རྩ་བ་ནས་ངོ་རྒོལ་དང་རྡུང་རྡེག་བཏང་

སྟེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ།  འགྲན་སྡུར་གང་ཞིག  མིའི་རིགས་ཀྱི་སྤྱི་ཚོགས་མཉམ་གནས་དང་རིག་གནས་མཉམ་ལས་ལ་ལྐོག་ཇུས་འཐེན་པ་ཚང་མ་ནི་

མིའི་བློར་མི་འབབ་པ་དང་ཕམ་ཁ་འབྱུང་ཁོ་ཐག་ཡིན་པ།

གོང་མ།:null
འོག་མ།: གཅན་ཚ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སློབ་གྲྭའི་གསར་སྐྲུན་བྱ་འགུལ་བརྟན་བརླིང་ངང་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
ལེ་ཧྥུན་གྱི་སྙིང་སྟོབས་དར་སྤ'  
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'  
རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་བ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅ'  
འབའ་རྫོང་རྨ་བྱང་ཡུལ་ཚོས་ཁོར་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
མཚོ་སྔོན་ཞིང་ཆེན་གྱིས་གསུམ་ག'  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།