གཅན་ཚ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སློབ་གྲྭའི་གསར་སྐྲུན་བྱ་འགུལ་བརྟན་བརླིང་ངང་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

          དཔྱིད་ཀ་སློབ་འགོ་བརྩམས་ནས་བཟུང་།གཅན་ཚ་རྫོང་གི་འབྲིང་རིམ་སློབ་གྲྭ་སོ་སོས་སློབ་གླིང་བདེ་འཇགས་སྲུང་སྐྱོབ་དང་།མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སློབ་གྲྭའི་གསར་སྐྲུན་བྱ་བ་སྐུལ་འདེད་གཏོང་བ་གཙོ་བོར་བཟུང་བ་དང་རྣམ་པ་མང་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་མུ་མཐུད་དུ་བསམ་བློའི་སློབ་གསོའི་བྱ་བར་གཏིང་ཟབ་ཀྱིས་སྣེ་སྟོན་བྱས་སྟེ་

ཁ་དབུགས་ལེགས་པོ་ཞིག་སྐྲུན་ཡོད་པ།འབྲིང་རིམ་སློབ་གྲྭ་སོ་སོས་རྫོང་གསར་སྐྲུན་གཞུང་

སྒྲུབ་ཁང་གི་བཀོད་སྒྲིག་ལྟར་སློབ་གྲྭ་ཡོངས་ཀྱི་དགེ་རྒན་རྩ་འཛུགས་བྱས་ཏེརྨ་ལྷོ་ཁུལ་

མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་ངེས་ཤེས་ངེས་རྟོགས་དྲིས་ལན་བརྒྱ་བ་

སློབ་སྦྱོང་བྱས་པ་དང་ཆབསཅིག་སློབ་སྦྱོང་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཏེ་དགེ་རྒན་

ཡོངས་ལ་རྒྱུགས་བླངས་པ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ལས་ཁྱེར་ངལ་གསོ་

བྱས་ཡོད་པའི་སྔོན་གྱི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞུ་པ་ལི་དང་འཕགས་མོ་ཚེ་བརྟན་གཉིས་

གདན་འདྲེན་བྱས་ཏེ་རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་གཏམ་བཤད་གནང་བ།ལས་བྱེད་རྒན་པ་རྣམ་གཉིས་ཀྱིས་སྤྱི་ཚོགས་གསར་རྙིང་གི་ནང་དུ་གཅན་ཚ་རྫོང་གི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱིས་སློབ་གསོའི་ཐད་བཏང་བའི་གནས་ཚུལ་ཞིབ་བསྡུར་བྱས་ཏེ་རྒྱ་ཆེ་བའི་དགེ་སློབ་

ཡོངས་ལ་ད་ལྟའི་ཐོབ་དཀའ་བའི་འཚོ་བ་ལ་གཅེས་སྤྲས་བྱེད་པ་ནན་གྱིས་བཤད།ད་དུང་

ཁོང་རྣམ་པ་གཉིས་ཀྱིས་བློ་མཐུན་མོ་ཙེ་ཏུང་གི་གསུང་ཚིག་དྲགས་ཅན་དྲངས་ནས་འཇིག་རྟེན་ནི་ཁྱོད་ཚོའི་ཡིན་པ་དང་ང་ཚོས་ཀྱང་ཡིན། འོན་ཀྱང་མཐར་གཏུག་ན་ཁྱེད་ཚོའི་ཡིན།

ཁྱོད་ཚོ་ན་གཞོན་རྣམས་ནི་ལང་ཚོ་དར་ལ་བབ་པ་དང་ངར་ཤུགས་རྒྱས་བའི་དུས་སྐབས་

ཡིན་པས་ནམ་ལངས་ཀྱི་ཉི་མ་ལྟ་བུ་ཡིན། རེ་བ་ཡོད་ཚད་ཁྱོད་ཚོ་ལ་བཅོལ་ཡོད། འཇིག་རྟེན་ཁྱོད་ཚོ་ལ་དབང་བ་དང་ཀྲུང་གོའི་མདུན་ལམ་ཡང་ཁྱོད་ཚོ་ལ་དབང་བ་ཡིནཞེས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་།ཐེངས་འདིའི་སྒྲོག་སྤེལ་བྱ་

འགུལ་ལ་རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱིས་གདེང་འཇོགས་ཚད་མཐོན་པོ་གནང་།ཚོགས་

འདིའི་རྗེས་སུ་སློབ་མ་རྣམསཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་མ་ཡུམ་སློབ་གྲྭར་གཟི་

འོད་སྐྲུན་པ་དང་རླབས་ཆེ་བའི་མེས་རྒྱས་ཀྱི་བླ་ན་མེད་པའི་ལས་འགན་ཁྲག་ཏུ་བླངས་ཏེ་

རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུནམངོན་འགྱུར་བྱེད་པ།

 

 

གོང་མ།:ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲོས་གྲངས་ཉུང་མི་རིགས་གྱི་ཨུ་ཡོན་འབྲེལ་འཛུགས་གྲོས་བསྡུར་ལ་ཞུགས་པའི་སྐབས་གསུང་དོན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་མོའི་ཆབ་སྲིད་ཀྱི་རྣམ་པ་ལ་གཅེས་སྤྲས་བྱེད་པ།
འོག་མ།:ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་དང་རྨ་ལྷོའི་འཆམ་མཐུན་མཉམ་བསྐྲུན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།