ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་དང་རྨ་ལྷོའི་འཆམ་མཐུན་མཉམ་བསྐྲུན།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཐོན་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་ལེ་ཧྥུན་ལ་

སློབ་སྦྱོང་བྱེད་པཞེས་བའི་བརྗོད་གཞིའི་བྱ་འགུལ་སྤེལ་བ།

       ཟླ་༣པའི་ཚེས་༥ཉིན།རྨ་ལྷོ་ཁུལ་རིམ་པ་སོ་སོའི་ཐོན་རྩ་འཛུགས་ཀྱིས་ན་གཞོན་དང་

བླངས་བ་༢༥༦རྩ་འཛུགས་བྱས་ཏེ་དང་བླངས་ཞབས་ཞུས་ལེ་ཧྥན་ལ་སློབ་སྦྱོང་བྱེད་པ

ཞེས་པའི་བརྗོད་གཞིའི་བྱ་འགུལ་ཧུར་བརྩོན་གྱིས་སྤེལ་བ།དུས་སྐབས་དེར་ཁུལ་ན་གཞོན་

དང་བླངས་མཐུན་ཚོགས་དང་ཁུལ་མེ་འགོག་ཡན་ལག་རུ་ཁག ཧི་ནན་རྫོང་ཐོན་ཨུ།རྩེ་ཁོག་

རྫོང་ཐོན་ཨུའི་གཅིག་རྗེས་གཉིས་མཐུད་དུ་ན་གཞོན་ཐོན་ཡོན་རྩ་འཛུགས་བྱས་ཏེ་གནས་

སྡོད་བྱས་པའི་རྒན་གསོ་ཁང་ལ་སོང་སྟེ་དང་བླངས་ཞབས་ཞུས་བྱ་འགུལ་སྤེལ་དེ་རྒན་པ་

རྣམས་ཀྱི་ཁང་པ་ལ་གཙང་སྦྲ་དང་ཉལ་ཐུལ་ལྟེབས་པ།གྱོན་ཆས་དང་མཁོ་ཆས་ལ་གཙང་

དག་བཟོ་བ།  རྒན་པ་ལ་སེམས་གཏམ་གླེང་བ།  དེ་དང་མཉམ་གཅིག་ཏུ་སྣ་ཕུན་སུམ་ཚོགས་

པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་མ་ཟད་སྒོར་༣༠༠༠ཀྱིས་འབྲས་དང་ཕྱེ་སིལ་ཏོག་སོགས་ཉོས་ནས་རྒན་པ་རྣམས་ལ་བྱིན་པ་ཡིན།བྱ་འགུལ་སྤེལ་སྐབས་ཁུལ་མེ་གསོད་ཡན་

ལག་རུ་ཁག་གི་དམག་དཔོན་རྣམས་ཀྱིས་སུན་སྣང་མེད་པའི་སྒོ་ནས་རེབ་གོང་རྒན་གསོ་

ཁང་གི་རྒན་པོ་དང་བདག་སྐྱོང་མི་སྣ་དག་ལ་རྒྱུན་ལྡན་ལ་མཐོང་བའི་མེ་སྐྱོན་མི་འབྱུང་བ་དང་བྱུངན་ཇི་ལྟར་འགྲོ་བའི་བྱེད་ཐབས་ལ་འགྲེལ་བཤད་རྒྱག་པ།གཅན་ཚ་རྫོང་ཨུ་འདུམ་སྒྲིག་གཅིག་བཤད་གསུམ་སྐུལ་དང་པོའི་སྒྲོག་བཤད་ཚན་ཆུང་།མཚོ་སྔོན་ཞིང་ཆེན་མི་

དམངས་སྨན་ཁང་གི་ཆེད་མཁས་སྨན་བཅོས་ཞབས་ཞུ་རུ་ཁག་མ་ཁུ་ཐང་གྲོང་བརྡལ་གྱི་ཧེ་རིགས་སྡེ་བར་སོང་སྟེ་ རྒན་བཀུར་རྒན་གཅེས་དང་བཟོ་བ་དང་ཞིང་བའི་བུ་བུ་མོ་ལ་

དགའ་སྐྱོངབྱེད་པའི་དང་བླངས་ཞབས་ཞུས་བྱ་འགུལ་སྤེལ་བར་མ་ཟད་སྡེ་བའི་བཟོ་བ་

དང་ཞིང་བའི་བུ་བུ་མོ་༤༦ལ་དཔེ་ཁུག་དང་འབྲི་དེབ་སོགས་སློབ་སྦྱོང་ལ་མཁོ་བའི་དངོས་བོ་བྱིན་པ་ཡིན།དེ་དང་མཉམ་གཅིག་ཏུ་དང་བླངས་བ་དང་དཀའ་ངལ་ཆེ་བའི་བཟོ་ཞིང་གི་ཁྱིམ་ཚང་༡༢ཡིབུ་བུ་མོར་ངེས་རྩིས་བྱས་པ་དང་ཆབས་ཅིག་བྱིས་པ་ཚོ་དང་མཉམ་དུ་རམ་འདེགས་རྩེད་འཇོ་དང་བརྩེ་འདང་གི་རོགས་སྐྱོར་སོགས་དང་བླངས་ཞབས་ཞུས་བྱ་འགུལ་སྤེལ་བ།མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཆེད་མཁས་སྨན་ཁང་གི་ཆེད་མཁས་

སྨན་བཅོས་བྱེདམཁན་མི་༧མ་ཁུ་ཐང་གྲོང་བརྡལ་གྱི་ཧེ་རིགས་སྡེ་བའི་སྡེ་མི་རྣམས་ཐང་

ཆེན་ལ་ཕྱོགས་གཅིག་ཏུ་བསྡུས་ནས་ནད་རྟགས་སྨན་སྦྱིན་བྱས་པ།ཆེད་མཁས་སྨན་པ་མི་

གཉིས་ཆེད་དུ་སྡེ་བའི་ནང་གི་གྲུམ་ནད་ཕོག་ནས་མལ་སར་ལྷུང་བའི་རྒན་པའི་ཁྱིམ་ལ་སོང་སྟེ་ནད་བཅོས་བྱས་པས་སྡེ་བའི་མང་ཚོགས་དང་བྱིས་པ་རྣམས་ཀྱིས་ཚད་མཐོ་བའི་བསྟོད་

བསྔགས་ཐེབས་ཡོད།ཡུལ་དངོས་བྱ་འགུལ་སྐབས་རྒྱུན་དུ་མཐོང་བའི་ནད་སྔོན་འགོག་གི་

གསོ་བ་རིག་པའི་ཚན་རིག་ཤེས་བྱ་སྒྲོག་སྤེལ་དང་ཆབས་ཅིག་བདེ་འཇགས་དྲིལ་སྒྲོག་གི་

ལག་དེབ་༡༠༠༠ཙམ་སྟེར་བ།ཐུན་རིན་རྫོང་ན་གཞོན་དང་བླངས་མཐུན་ཚོགས་དང་ཏ་ལིན་མཚོ་ཐོག་ལས་རིགས་ཀྱི་སློབ་ཆེན་ཞིབ་འཇུག་སློབ་མའི་དང་བླངས་མཐུན་ཚོགས།དུང་པེའི་ནོར་སྲིད་དཔལ་འབྱོར་གྱི་སློབ་ཆེན་ཞིབ་འཇུག་སློབ་མའི་དང་བླངས་མཐུན་ཚོགས་ཁྱོན་མི་༨༠དང་བླངས་ཞབས་ཞུ་བས་རྒྱ་ཆེ་བའི་གྲོང་ཁྱེར་ནང་ལོགས་ཀྱི་སྲང་ལམ་ཁོར་ཡུག་སྲུང་

སྐྱོབ་ཀྱི་བྱ་འགུལ་ཐེངས་གཅིག་སྤེལ་བ།

 

གོང་མ།: གཅན་ཚ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སློབ་གྲྭའི་གསར་སྐྲུན་བྱ་འགུལ་བརྟན་བརླིང་ངང་སྤེལ་བ།
འོག་མ།:རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་ཆེད་སྤྱོད་དྲ་ཚིགས་ཐོག་མར་ལེགས་འགྲུབ་བྱུང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།