རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་ཆེད་སྤྱོད་དྲ་ཚིགས་ཐོག་མར་ལེགས་འགྲུབ་བྱུང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

   ཟླ་༢ཚེས་༢༨ཉིན། རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་ཆེད་སྤྱོད་དྲ་

ཚིགས་ཤར་གཏོང་མཛད་སྒོའི་གྲོས་ཚོགས། རྨ་ལྷོ་ཁུལ་གསར་སྐྲུན་བྱ་བའི་ཆེད་སྤྱོད་དྲ་ ཚིགསདངོས་སུ་ཤར་གཏོང་བྱས་པ་ཁྱབ་བསྒྲགས་བྱས།

       གོམ་གང་མདུན་སྤོས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསརསྐྲུན་བྱ་བར་གཏིང་གསབ་པའི་སྒོ་ནས་དར་སྤེལ་གཏོང་བ།དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་གཏོང་བ།དོན་རྟོགས་ཚད་མཐོ་རུ་གཏོང་བ།ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་གིས་ཁུལ་ཨུའི་བཀོད་སྒྲིག་ལྟར།ཧུར་ཐག་འགྲིག་མཐུན་གྱིས་ཁུལ་གློག་འཕྲིན་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་

ཆེད་སྤྱོད་དྲ་ཚིགས་གསར་སྐྲུན་བྱས།དྲ་ཚིགས་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད།ཀྲུང་

གོའི་གློག་འཕྲིན་རྨ་ལྷོའི་ཡན་ལག་ཀུང་ཟི་ཡིས་མི་ཤུགས་རྒྱུ་ཤུགས་བཏང་བ་མ་ཟད་

འབྲེལ་བ་མཐུན་སྦྱོར་བྱེད་པ་སོགས་ཀྱི་ཕྱོགས་ནས་ཤུགས་ཆེན་པོས་རྒྱབ་སྐྱོར་ཆེན་པོ་ཐོབ།

      རྨ་ལྷོ་ཁུལ་མི་རིགས་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་ཆེད་སྤྱོད་དྲ་ཚིགས་ནི་བོད་རྒྱ་

སྐད་གཉིས་ཀྱིས་གྲུབ་པའི་དྲ་ཚིགས་ཤིག་ཡིན།བོད་རྒྱ་གཉིས་ཀྱི་པར་ངོས་བཟོས་ཡོད། པར་

ངོས་རེར་ཆ་སྙོམས་ཀྱིས་རྩ་འཛུགས་ལས་ཁུངས།གསར་སྐྲུན་གནས་ཚུལ།སློབ་སྦྱོང་རྒྱུ་ཆ། སྲིད་ཇུས་གཞུང་ལུགས།གསར་སྐྲུན་ལམ་ལུགས།པར་རིས་གསར་འགྱུར།པར་རིས་བརྗོད་གཞི། བརྙན་རིས་རྒྱུ་ཆ།དཔེ་བཟང་སྲོལ་བཟང་།ཕྱི་འདོམས་མེ་ལོང་སོགས་ཁྱོན་ཆེད་སྒྲིག་ལེ་ཚན་

༡༠བཟོས་ཡོད།པར་ངོས་རེ་རེར་ཡི་གེ་དང་འདྲ་པར།བརྙན་རིས་སོགས་རྣམ་པ་མང་པོ་

བཀོད་ཡོད།ཕྱོགས་ཡོངས་དང་ཟུར་མང་པོ་ནས་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཁྲིམསལུགས་ཁྲིམ་སྲོལ་དྲིལ་སྒྲོག་བྱེད་པ།ཁུལ་ཡོངས་ཀྱི་གསར་སྐྲུན་བྱ་བའི་གནས་ཚུལ་གསརབ་ཚུར་སྣང་བྱས་ཡོད།མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་གི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོནགྱི་བྱེད་ཐབས་བཟང་བོ་ངོ་སྤྲོད་བྱེད་པ།རང་ཁུལ་གསར་སྐྲུན་བྱ་བའི་གྲུབ་འབྲས་གསར་བ་ཕྱིར་མངོན་པ།མི་འགྱངས་བར་ཁུལ་ཡོངས་ཀྱི་གསར་སྐྲུན་བྱ་བར་ཧུར་བརྩོན་སྐུལ་འདེདཀྱི་ནུས་པ་ཐོན་ཡོད་པ་དང་ཆབས་ཅིག་དྲ་ཚིགསརྨ་ལྷོ་ཁུལ་དགོན་པའི་ཆ་འཕྲིན་ཅན་གྱི་དོ་དམ་ཕྱོགས་ཡོངས་ལ་

གཏོང་ཐུབ་པའི་ཞབས་ཞུ་སྟེགས་བུ་དང་སྦྲེལ་ཡོད།ཁུལ་ཡོངསཀྱི་དགོན་པའི་དོ་དམ་ལས་

བྱེད་ཀྱིས་སྟབས་བདེ་ཞིང་མྱུར་བའི་ཞབས་ཞུ་སྟེགས་བུ་བེད་སྤྱདཔ་བརྒྱུད་དེ་དྲ་ཐོགས་ནས་གཞུང་དོན་སྒྲུབ་པ་དང་དགོན་པའི་དོ་དམ་དང་ཞབས་ཞུ་སྤེལ་བ།ཆ་འཕྲིན་རང་བཞིན་གྱི་ཆུ་ཚད་དང་བྱ་བའི་ལས་ཆོད་ཇེ་མཐོར་གཏོང་བ།

         ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཧོང་ཐོ།

ཁུལ་ཨུའི་རྒྱུན་ཨུ། འཐབ་སྒྲིལ་པུའུ་པུའུ་ཀྲང་། ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན

མགོན་པོ་བཀྲ་ཤིས་སོགས་ཤར་གཏོང་མཛད་སྒོར་ཞུགས་པ། ཁུལ་ཨུའི་ཧྲུའུ་ཅི་ཅུའུ་ཁུ་ཀྲོང་།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱན་ཨུ་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་རིང་། ཁུལ

སྲིད་གྲོས་ཀྲུའུ་ཞི་མོ་ཕིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་

གཞོན་པ་ཀླུ་རྒྱལ་ཚེ་རིང་། སྲིད་ཁྲིམས་ཨུ་ཡོན་ཧྲུའུ་ཅི་ལིན་དཔའ་དན། ཁུལ་སྲིད་གཞུང་གི་

ཁུལ་དཔོན་གཞོན་པ་དཀོན་མཆོག་རྒྱལ་སོགས་ཚན་ཁག་བཞིའི་མགོ་ཁྲིད་ཀྱིས་ཆེད་སྤྱོད་དྲ་ཚིགས་ཀྱི་ནང་དོན་ལ་རགས་ཙམ་བལྟ་བ་དང་ཆབས་ཅིག་དྲ་ཚིགས་ཇེ་ལེགས་སུ་གཏོང་

བའི་མཛུབ་སྟོན་བསམ་ཚུལ་བཏོན།

 

 

གོང་མ།:ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་དང་རྨ་ལྷོའི་འཆམ་མཐུན་མཉམ་བསྐྲུན།
འོག་མ།:རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་བརྙན་འཕྲིན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།