རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་བརྙན་འཕྲིན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

གོམ་གང་མདུན་སྤོས་ཀྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་དང་འགན་ལེན་བྱེད་ཆེད།

རྨ་ལྷོ་ཁུལ་གྱིས་ཁུལ་གྱི་གནས་ཚུལ་ནས་འགོ་བརྩམས་ཏེ་མུ་མཐུད་རྒྱུན་འཁྱོངས་སྒོས་རྒྱང་

བསྒྲོགས་བརྙན་འཕྲིན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ།

       དང་པོ་ནི་ཧུར་བརྩོན་གྱིས་ཐད་གཏོང་འཁོར་སྐར་ཁྱིམ་དང་ཁྱིམ་སྦྲེལ་བ”“སྡེ་བ་དང་སྡེ་བ་སྦྲེལ་བའི་བཟོ་བསྐྲུན་ལག་བསྟར་བྱེད་པ།མ་དངུལ་སྒོར་ཁྲི་༡༦༩༧.༥༣༢བཏང་ནས་ཁྱིམ་ཚང་༤༧༦༤༥ལ་ཁྱིམ་དང་ཁྱིམ་སྦྲེལབའི་ལས་དོན་འཛུགས་སྐྲུན་གྱི་

བྱ་བ་ལག་བསྟར་བྱས་པ་ལེགས་འགྲུབ་བྱུང་།ཁྱོན་ཁྱིམ་ཚང་༣༡༧༡༣ལ་ སྡེ་བ་དང་སྡེ་

བ་སྦྲེལ་བའི་སྒྲིག་ཆས་ལྷུ་སྒྲིག་བྱས་ཡོད།ཁུལ་ཡོངས་ལ་གློག་དང་བརྡ་རྟགས་ཡོད་པའི་ས་

ཁུལ་དུ་རྒྱང་བསྒྲོགས་བརྙན་འཕྲིན་ཁྱིམ་དང་ཁྱིམ་སྦྲེལ་བ་ཁྱོནཡོངས་ལ་ཁེབས་ཡོད་པ་

མངོན་འགྱུར་བྱུང་། བརྡ་རྟགས་མེད་པའི་ས་ཁུལ་དུ་རྒྱང་བསྒྲོགས་བརྙན་འཕྲིན་སྡེ་བ་དང་

སྡེ་བ་སྦྲེལ་པ་ཁེབས་ཡོད་པ་མངོན་འགྱུར་བྱུང་།

གཉིས་པ་ནི་ས་ཚིགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཚད་གཞིའི་ཚད་ལ་ཤུགས་སྣོནཔ།  མ་

དངུལ་སྒོར་ཁྲི་༨༦༤བཏང་སྟེ་རྒྱལ་ཚད་ལོངས་བའི་རྐང་འཛིན་སྟེགས་བུ་༦དང་ཐད་

གཏོང་གནས་༤༤གསར་དུ་བསྐྲུན་པ་ལེགས་འགྲུབ་བྱུང་།ཁུལ་དང་། རྫོང་རང་སྒྲུབ་བརྙན་

འཕྲིན་ལེ་ཚན་གྱི་ཁེབས་རྒྱ་དེ་སྔོན་གྱི་བརྒྱ་ཆའི་༡༨ ནས་རྒྱ་ཆའི་༧༥ལ་འཕར་བ་རེད། ཁུལ་

ཨུའི་འགན་ལེན་ཏན་ཏིག་གིས་ཁུལ་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་དག་ཐོག་དང་པོའིནང་ཁྱིམ་ཚང་ཁྲི་སྟོང་ལ་བརྒྱུད་བསྒྲོགས་བྱེད་ངེས་ཡིན།

       གསུམ་པ་ནི་དགོན་པའི་སྐུད་མེད་རྒྱང་བསྒྲོགས་བརྙན་འཕྲིན་གྱི་ཁེབས་རྒྱའི་ཤུགས་ཆེ

རུ་གཏོང་བ།  དགོན་པའི་གྲྭ་བཙུན་རྣམས་ལ་བརྙན་འཕྲིན་བཕྲུལ་ཆས་དང་འཁོར་སྐར་སྡུད

ལེན་སྒྲིག་ཆས་༣༠༠༠རིན་མེད་ངང་བྱིན་པར་མ་ཟད་རོང་བོ་དགོན་པའི་གྲྭ་བཙུན་རྣམས་ལ

བརྗེ་ལེན་སྐུད་ཡོད་ཀྱི་བརྙན་འཕྲིན་སྒྲིག་ཆས་༤༢༤ལྷུ་སྒྲིག་བྱས་ཡོད།ཁུལ་ཡོངས་ཀྱི་དགོན་པར་རྒྱང་བསྒྲོགས་བརྙན་འཕྲོན་གྱིས་ཁེབས་ཡོད་པ་མངོན་འགྱུར་བྱས་པ།

         བཞི་བ་ནི་དགོས་མཁོ་མྱུར་སྒྲུབ་ཀྱི་རྒྱང་བསྒྲོགས་སྟེགས་བུ་འཛུགས་པ།རྒྱལ་ཚད་ལོངས་

བའི་ས་ཚིགས་ཀྱི་ནུས་པ་གང་ངེས་བཏོན་ནས་ཐུན་རིན་རྫོང་མདོ་བ་དང་ཉ་ལུང་རྫོང་གཉིས་ཀྱིས་ཚོད་ལྟའིབཏང་བའི་དགོས་མཁོ་མྱུར་སྒྲུབ་ཀྱི་རྒྱང་བསྒྲགས་སྡེ་བ་དང་སྡེ་བ་སྦྲེལ

ལ་གྲུབ་འབྲས་ཐོབ་སྟེ་ད་ལྟ་ཁུལ་ཡོངས་ལ་རྒྱ་ཆེར་གྱིས་སྤེལ་བ་ལག་བསྟར་བྱེད་ཀྱིན་ཡོད།  དགོས་མཁོ་མྱུར་སྒྲུབ་ཀྱི་རྒྱང་བསྒྲོགས་སྟེགས་བུ་གསར་སྐྲུན་ལེགས་འགྲུབ་བྱུང་བ་ནི་རང་

ཁུལ་གྱིས་སྔོན་ལ་རྒྱང་བསྒྲོགས་ལ་ཉན་པ་ནས་ལྟ་བའི་མཆོང་བསྐྱོད་ཞིག་ཡིན་པར་མ་ཟད་རྒྱང་བསྒྲགས་ནི་གློ་བུར་དུ་བྱུང་བའི་དོན་རྐྱེན་མྱུར་སྒྲག་ལ་མཁོ།ཏང་གི་དྲིལ་སྒྲོག་གཞུང་

ལུགས་ཀྱི་གཡུལ་སའི་ཕྱོགས་ལ་སྲ་བརྟན་གྱི་ནུས་བ་འབུར་དུ་ཐོན་ཡོད་པས་དགོས་མཁོ་

མྱུར་སྒྲུབ་ཀྱི་རྒྱང་བསྒྲགས་ནི་ནམ་ཡང་ལས་ཁྱེར་ངལ་གསོ་མི་བྱེད་པའི་དྲིལ་སྒྲོག་པཡིན།

      ལྔ་བ་ནི་ལྟད་མོའི་ནང་དོན་སྣ་འཛོམས་དང་ལྟད་མོའི་སྤུས་ཚད་ཇེ་མཐོར་གཏོང་བ།

རྨ་ལྷོ་བརྙན་འཕྲིན་ཁང་གིས་གཟའ་འཁེར་རེའི་གཟའ་༢པ་དང་༣པ་༦པ་བཅས་ལ་བོད་

སྐད་བརྙན་འཕྲིན་ལེ་ཚན་གཏོང་བ་ཡིན།  ཉིན་རེར་དུས་ཚོད་༡༥ལ་གཏོང་བ་ཡིན། སྐར་

༡༥རིང་གི་བོད་སྐད་གསར་འགྱུར་ཕན་ཆད་ནས་ད་དུངརྨ་ལྷོ་རུ་བསྐྱོད་པ》《རྨ་ལྷོ་ཡི་མི་རིགས་མཐུན་སྒྲིལ》《རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་

ཁུལ་གསར་སྐྲུན་ངེས་ཤེས་ངེས་རྟོགས་ཀྱི་དྲིས་ལན་བརྒྱ་བ》《ཀྲུང་དབྱང་གི་ཡིག་ཆ་དང

་པོ་བཅས་ཞིང་ཆེན་དང་ཁུལ་གྱི་ཚོགས་ཆེན་གཉིས་པའིསྙན་ཞུ་ཀློག་དེབསོགས་ཀྱི

་ལེ་ཚན་ཁ་བསྣན་ཡོད་པ།ལྷག་འཕྲོར་ཡོད་པའི་དུས་ཚོད་ནང་དུ་བོད་སྐད་ལ་བསྒྱུར་བའི་ཆེས་དགའ་བསུ་ཐོབ་པའི་མི་འབྲེལ་བརྙན་འཕྲིན་ཟློས་གར་གྱི་ལེ་ཚན་གཏོང་བ། སྤྱི་བསྡོམས་

བྱས་པ་ལྟར་ན།ལོ་རེར་བོད་སྐད་གསར་འགྱུར་༨༠༠ཙམ་དང་ཆེད་དོན་བརྙན་འཕྲིན་༡༤

བོད་སྐད་ཀྱི་མི་འབྲེལ་བརྙན་འཕྲིན་ཟློས་གར་ལེའུ་༢༣༤༠ཙམ་གསར་བཟོ་བྱས་ཏེ་གཏོང་

བ་ཡིན། མ་དངུལ་སྒོར་ཁྲི་༥༠བཏང་ནས་སྐས་བསྒྱུར་བྱས་ཡོད་པ་དེས་བོད་རིགསམང་

ཚོགས་ཀྱིས་ལྟ་བཞིན་ཡོད་པའི་བོད་སྐད་བརྙན་འཕྲིན་གྱི་ནང་དོན་སྣ་མང་དང་སྤུས་ཚད་ལ་མཐོརའདེགས་བྱུང་ཡོད། 

 

 

གོང་མ།:རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་ཆེད་སྤྱོད་དྲ་ཚིགས་ཐོག་མར་ལེགས་འགྲུབ་བྱུང་བ།
འོག་མ།:དཀའ་ངལ་དུས་སུ་བྱམས་བརྩེའི་ལག་བརྡངས་སྦྲེལ། གང་མང་རོགས་སྐྱོར་བྱས་ན་བརྩེ་བ་མཐོང་།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།