དཀའ་ངལ་དུས་སུ་བྱམས་བརྩེའི་ལག་བརྡངས་སྦྲེལ། གང་མང་རོགས་སྐྱོར་བྱས་ན་བརྩེ་བ་མཐོང་།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

ཟླ༢ཚེས༢ཉིན་གྱི་དུས་ཚོད་༡༢གྱི་སྟེང་། ཧི་ནན་རྫོང་གསེར་ལུང་ཞང་དགར་ཁས་སྡེ་

བའི་སྡེ་མི་དཀོན་མཆོག་རྒྱལ་དང་ཚེ་སྦོ་ཁྱིམ་གཉིས་ཀྱི་རྩ་ས་ལ་སྟབས་མ་ལེགས་པར་མེ་

སྐྱོན་ཆེན་པོ་བྱུང་། མེ་འབར་བའི་རྩ་སའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ཆིང་༣༧.༦༧ཟིན། དེའི་རྐྱེན་

གྱིས་ལུག་༦༦༥ཙམ་ཤི། ཐད་ཀར་དུ་དཔལ་འབྱོར་གྱོང་གུད་ལ་སྒོར་ཁྲི༩༠ཟིན། དེའི་ནང་།

སྒོ་ཕྱུགས་ཀྱི་དཔལ་འབྱོར་གྱོང་གུད་སྒོར་ཁྲི༨༦.༤༥དང་རྩ་སའི་དཔལ་འབྱོར་གྱོང་གུད་

སྒོར་ཁྲི་༣.༥༥ཟིན།

         མེ་སྐྱོན་བྱུང་བའི་རྗེས་སུ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་རེས་མི་སྣ་མྱུར་དུ་

ཡུལ་དངོས་སུ་ཐོན་ཏེ་དེ་དང་ཐག་ཉེ་ས་ནས་རྩ་འཛུགས་མི་སྣ་དང་རླངས་འཁོར་སོགས་

ཀྱིས་མེ་གསོད་མི་སྐྱོབ་ཀྱི་བྱ་བ་སྤེལ། དུས་ཚོད་༡༥སྟེང་རྩ་སའི་མེ་འབར་ཤུགས་རྩ་བ་ནས་

ཚོད་འཛིན་ཐེབས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་གནོད་སྐྱོན་བྱུང་བའི་ཁྱིམ་

ཚང་ལ་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ། རྫོང་ཡོངས་ཀྱི་ལས་བྱེད་དང་

ལས་བཟོ་བ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣས་འབོད་སྐུལ་སྒོས་མེ་སྐྱོན་བྱུང་བའི་ཁྱིམ་

ཚང་གཉིས་ལ་ཞལ་འདེབས་ཀྱི་དངུལ་དང་དངོས་བོ་སྟེར་བའི་བྱ་འགུལ་སྤེལ། ད་ལྟའི་བར་

དུ། སྤྱི་བསྡོམས་པས་ཞལ་འདེབས་དངུལ་སྒོར་ཁྲི་༣༣.༡༦དང་། ལུག་༣༥༥  ནོར་༡༧   རྟ་༣

དེ་མིན་ཟས་སྣུམ་དང་དངོས་ཟོག་མང་པོ་བྱིན། དེའི་ནང་། ཁུལ་སྲིད་གཞུང་གིས་ཞལ་

འདེབས་ལ་སྒོར་ཁྲི་༡༠དང་། ཁུལ་རྒྱ་གྲམ་དམར་བོའི་ཚོགས་པས་སྒོར་ཁྲི་༤   རྫོང་ཡོངས་

ཀྱི་ལས་ཁུངས་༤༣གྱིས་ཞལ་འདེབས་སུ་སྒོར་ཁྲི་༡༡.༧ཕུལ། ཁུལ་དཔོན་གཞོན་པ་དཀོན་

མཆོག་སྐྱབས་མི་སྒེར་གྱིས་ཞལ་འདེབས་སུ་སྒོར་༥༠༠༠དང་། རྫོང་དཔོན་གཞོན་པ་སྒྲོལ་མ་

མཚོ་དང་ཀླུ་ཐར་གཉིས་ཀྱིས་རང་རང་སར་སྒོར་ཁྲི་༡རེ་ཞལ་འདེབས་སུ་ཕུལ། ཞལ་འདེབས

བྱ་འགུལ་ད་དུང་སྤེལ་བཞིན་ཡོད། ཕྱོགས་གཅིག་ལ་དཀལ་ངལ་ཡོད་ན་ཕྱོགས་ཡོངས་

ནས་རོགས་སྐྱོར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་མངོན་པར་མཚོན་

ཡོད།

         ཁག་སོ་སོའི་ཞལ་འདེབས་ཡོངས་རྫོགས་མི་འགྱངས་བར་གནོད་སྐྱོན་བྱུང་བའི་

འབྲོག་ཁྱིམ་གྱི་ཕྱུགས་ཟོག་དང་གཟན་རྩྭ་སོགས་ཉོ་བའི་སྐྱར་འཛུགས་ཀྱི་སྟེང་དུ་བཀོལ་

རྒྱུ་ཡིན།

 

 

གོང་མ།:རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་བརྙན་འཕྲིན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ།
འོག་མ།:རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཁྲོད་སློབ་དངུལ་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།