རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཁྲོད་སློབ་དངུལ་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-01   རྩོམ་གྱི་ཡོང་ཁུངས།

          མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་བསྒྲུབས་པའི་ཚུན་དུ་རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སི་ཧུར་ཐགགིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཁྲོད་ཞུགས་ཤིང་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྤྱི་ཕན་བྱ་འགུལ་རྒྱ་ཆེར་སྤེལ་ནས་གསར་འཛུགས་བྱ་འགུལ་ལ་གསོན་ཤུགས་གསར་བ་བསྩལ། རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སི་ནི༢༠༡༡གི་ལོར་གསར་དུ་བཙུགས་ཤིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར༦ནང་མཚོ་སྔོན་ནས་གཞི་ཆགས་པའི་ཕྱི་ཕྱོགས་ཀྱི་ཁེ་ལས་ཨང་དང་པོ་ཡིན། ལས་གཞི་འདི་འཛུགས་གྲུབ་བྱུང་བ་འདིས་ས་གནས་སྡོད་དམངས་ལ་ལས་ཞུགས་ཀྱི་གོ་སྐབས་མང་དུ་བསྩལ་ནས་ནུས་ལྡན་གྱིས་རྨ་ལྷོ་སོག་རྫོང་གི་ལས་སྒུག་མི་སྣའི་ལས་ཞུགས་གནད་དོན་ཐག་གཅོད་བྱས། ཉེ་བའི་ལོ་འདི་དག་གི་རིང་ལ། ཀུང་སི་འདིས་སྔ་གཞུག་ཏུ་ཞིང་ཆེན་དང་རྨ་ལྷོ་སོག་རྫོང་གི་དབུལ་ཕོངས་སློབ་མ༦༣ལ་སློབ་དངུལ་སྒོར་ཁྲི༧.༩རོགས་སྐྱོར་བྱས། ད་ལོར"ཏང་སྲིད་དམག་ཁེའི་མཉམ་འཛུགས་ཚོད་ལྟའི་སྡེ་བའིབྱ་འགུལ་དུ་ཞུགས་ནས་ཚོད་ལྟའི་སྡེ་བར་འཛུགས་སྐྲུན་མ་དངུལ་སྒོར་ཁྲི༥ཡིས་རོགས་སྐྱོར་བྱས། དབུལ་ཕོངས་ཁྱིམ་ཚང་གི་བུ་བུ་མོ༤ལ་སློབ་དངུལ་སྒོར་ཁྲི༢གྱིས་རོགས་སྐྱོར་བྱས་ནས་ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ལ་མཐུན་རྐྱེན་བཟང་པོ་བསྐྲུན།

   རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སིས་རང་འགུལ་གྱིས་སྤྱི་ཚོགས་ཀྱི་འགན་འཁུར་ནས་ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་ལ་ཞུགས་པ་དང་། མིག་སྔར་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་ལ་མིག་དཔེ་བཟང་པོ་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ཁེ་ལས་སྡེ་ཁག་ནས་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་གདིང་བ་ལ་སྐུལ་འདེད་བཏང་། །

གོང་མ།:དཀའ་ངལ་དུས་སུ་བྱམས་བརྩེའི་ལག་བརྡངས་སྦྲེལ། གང་མང་རོགས་སྐྱོར་བྱས་ན་བརྩེ་བ་མཐོང་།
འོག་མ།:རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་བོད་རིགས་དང་ཧོས་རིགས་ཀྱི་ཆོས་ལུགས་ཁག་གི་མི་སྣས་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ལེ་ཚན་གསར་བ་བྲིས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།