རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་བོད་རིགས་དང་ཧོས་རིགས་ཀྱི་ཆོས་ལུགས་ཁག་གི་མི་སྣས་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ལེ་ཚན་གསར་བ་བྲིས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

          རེབ་གོང་རྫོང་རོང་བོ་ས་ཁུལ་ནི་བོད་རིགས་དང་ཧོས་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན།མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་གནའ་ནས་ཆགས་ཡོད།དུས་ཡུན་རིང་བོ་ཞིག་ལ། རྫོང་དང་ཞང་གི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་བ་གཙོ་གནད་དུ་འཛིན་པར་སྐུལ་འདེད་དང་། མི་རིགས་ཆོས་ལུགས་སྲིད་ཇུས་དངོས་འབེབས་ནན་མོ། མི་རིགས་སོ་སོ་ཕན་ཚུན་བར་ཁ་འབྲལ་མི་ཐུབ་པའི་བསམ་བློ་ཤུགས་ཆེན་གྱིས་དར་སྤེལ། མི་རིགས་སོ་སོ་ཕན་ཚུན་བར་བརྗེ་རེས་དང་ཁོངས་ཡངས་བྱེད་པར་ཤུགས་སྣོན། མི་རིགས་སོ་སོས་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་བར་སྐུལ་འདེད་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ་ནུས་ལྡན་གྱིས་རོང་བོ་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས།

      ༢༠༡༣ལོའི་ཟླ༡༢པའི་ཚེས༧ཉིན།རོང་བོ་གྲོང་རྡལ་ཁ་ཆེའི་ལྷ་ཁང་གི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་རོང་བོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣར་འཚམས་འདྲིར་སོང་བ་མ་ཟད།རེབ་གོང་རྫོང་རོང་བོ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་བྱ་བའི་ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས།ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའམ་རོང་བོ་དགོན་ཆེན་གྱི་དགོན་བདག་བླ་མ་ཤར་ཚང་དང་ཁུལ་དང་རྫོང་གི་འཐབ་སྒྲིལ་དང་སྲིད་ཁྲིམས། ཆོས་ལུགས་བཅས་དང་རོང་བོ་གྲོང་རྡལ་གྱི་འགན་འཁུར་མི་སྣ་དག་བཞུགས་མོལ་ཚོགས་འདུར་ཞུགས། བཞུགས་མོལ་ཚོགས་འདུས་ཕྱོགས་གཉིས་ཀས་དགོན་པའི་དོ་དམ་ལ་ཇི་ལྟར་ཤུགས་སྣོན་རྒྱག་རྒྱུ་དང་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་མཉམ་འཛུགས་མཉམ་བསྐྲུན་བྱ་འགུལ་སྤེལ་བར་སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུ་སོགས་ཀྱི་ཐད་ནས་ཉམས་མྱོང་དང་བྱེད་ཕྱོགས་བརྗེ་རེས་བྱས་པ་མ་ཟད། ཕན་ཚུན་ལ་བོད་བརྒྱུད་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས་ཀྱི་ལྟ་བ་འགྲེལ་བཤད་བྱས། ཚོགས་ཞུགས་ཀྱི་ཆོས་ལུགས་མི་སྣ་ཚང་མས་ལོ་འདི་དག་གི་རིང་ལ་ཁུལ་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་མཐའ་གཅིག་ཏུ་རིགས་སོ་སོསམཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའིབརྗོད་སྙིང་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་སྒོས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པར་གྲུབ་འབྲས་མངོན་གསལ་བླངས། རེབ་གོང་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་དང་ཆོས་ལུགས་མི་སྣས་ཕན་ཚུན་ལ་སློབ་སྦྱོང་དང་བརྩི་འཇོག མཐུན་སྒྲིལ་བཅས་བྱས་ཏེ་རེབ་གོང་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་བྱས་ཤིང་། ལག་ལེན་དངོས་ཀྱི་ཐོག་ནས་རེབ་གོང་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས།

        བཞུགས་མོལ་ཚོགས་འདུའི་སྟེང་། ཆོས་ལུགས་མི་སྣ་ཚང་མས་ཁྲིམས་སྐྱོང་དང་སྒོ་འབྱེད། ཁོངས་ཡངས། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་བཅས་ཀྱི་རྨ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་དགོས་པ་མ་ཟད། ཏཱ་ལའི་ཁ་བྲལ་ཚོགས་ཁག་གིས་ཆོས་ལུགས་ཕྱི་ཤུན་གྱོ ན་ཏེ་གང་འདོད་དུ་སིམ་འཛུལ་གཏོར་བརླག་གི་བྱ་འགུལ་སྤེལ་ནས་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་རེ་ངན་བཅངས་ཏེ། དེའི་བྱ་སྤྱོད་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ཁྲིམས་དང་བརྟན་འཇགས་མཐུན་སྒྲིལ་གྱི་རྣམ་པར་གཏོར་བརླག་བཏང་བ་ཡིན་པས། རེབ་གོང་རྫོང་རོང་བོ་ས་ཁུལ་གྱི་ཆོས་ལུགས་མི་སྣས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་བའི་སྲོལ་བཟང་དར་སྤེལ་དང་། ཏང་དང་སྲིད་གཞུང་གི་ཁ་ལ་ཉན་པ། ཆབ་སྲིད་ཀྱི་ལང་ཕྱོགས་ཇེ་བརྟན། དགོན་པའི་དོ་དམ་ལ་ཤུགས་སྣོན། ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཡང་དག་པའི་ཡིན་མིན་གྱི་ལྟ་བ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ། དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་དཀྲོག་གཏམ་མི་བཟོ་བ། ཏཱ་ལའི་ཁ་བྲལ་ཚོགས་ཁག་དང་འཐབ་རྩོད་ནན་མོ་བྱས་ནས་གང་ནུས་ཀྱིས་རེབ་གོང་ས་ཁུལ་གྱི་ཆོས་ལུགས་སོ་སོའི་རྒྱུན་ལྡན་གྱི་སྒྲིག་ཁྲིམས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱ་དགོས་པར་བསྟན།

གོང་མ།:རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལིས་ཡོན་སྐོམ་ཆུ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཁྲོད་སློབ་དངུལ་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།
འོག་མ།:རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ་བྱེད་པའི་ཁ་གསབ་མ་དངུལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ་རོང་འབྲོག་པའི་ལས་བསྒྱུར་བྱ་བར་རོགས་སྐུལ་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།