མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཆེན་མོ་སྒྲིག་འཛུགས་བྱས་ཏེ་སྤྱི་ཚོགས་གླེང་ཕྱོགས་ཀྱི་ཁ་དབུགས་ལེགས་པོ་བཟོས རྩེ་ཁོག་རྫོང་གིས་བྱ་ཐབས་དྲུག་གི་སྒོ་ནས་བསམ་བློའི་སློབ་གསོའི་སྣེ་ཁྲིད་བྱ་བ་ཤུགས་ཆེན་གྱིས་སྤེལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

       མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་དྲིལ་སྒྲོག་སྒྲིག་འཛུགས་བྱ་ཆེད། ནང་ཁུལ་ནས"ནུས་ཤུགས་གཅིག་སྦྲེལདང་། ཕྱི་ཕྱོགས་ལཁོར་ཡུག་སྤུས་ལེགསསུ་གཏོང་བའི་ཁ་དབུགས་ལེགས་པོར་བཟོས་ཏེ། རྩེ་ཁོག་རྫོང་གིས་བྱེད་ཐབས་གང་མང་སྤྱད་དེ་སྣ་དུ་མའི་སྒོ་ནས་བསམ་བློའི་སློབ་གསོའི་སྣེ་འདྲེན་དང་སློབ་གསོའི་དྲིལ་སྒྲོག་བྱ་བ་སྤེལ།

      གཅིག་ནས་སྔོན་ཐོན་བྱ་བར་མང་ཚོགས་ཀྱི་དྲིལ་སྒྲོག་ཚོགས་པ་རྩ་འཛུགས་བྱས། ལས་ཁག་སོ་སོ་དང་ལས་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་བྱ་འགུལ་ཁྲོད་འབུར་ཐོན་བྱུང་བའི་དཔེ་སྟོན་མི་སྣ་དང་དཔེ་འཇོག་བྱ་བའི་ཐད་ལ་མང་ཚོགས་དྲིལ་སྒྲོག་ཚོགས་པ་རྩ་འཛུགས་བྱས་ནས། མཐའ་འཁོར་གྱི་མི་དང་བྱ་བ་དཔེར་བླངས་ནས་འགྲེལ་བཤད་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་རང་འཁྲིའི་ལས་འགན་གང་ལེགས་སྒྲུབ་བཞིན། མཉམ་གཅིག་ཏུ་འཆམ་མཐུན་དང་བདེ་འཇགས། མཐུན་སྒྲིལ། འཕེལ་རྒྱས་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱ་དགོས་པའི་སློབ་གསོ་བཏང་།

      གཉིས་ནས་མི་རིགས་མཐུན་སྒྲིལ་བྱ་འགུལ་དྲིལ་སྒྲོག་རྡུང་ལེན་ཚན་ཆུང་རྩ་འཛུགས་བྱས། འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཕྱོགས་བསྡུས་མིན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། བརྙན་འཕྲིན་ཀྱི་བརྡ་རྟགས་གསལ་བོ་མིན་པ་དང་ཡོངས་ཁྱབ་མིན་པའི་གནས་ཚུལ་དངོས་གཞིར་བཟུང་སྟེ། མང་ཚོགས་རྡུང་ལེན་ཚན་ཆུང་རྩ་འཛུགས་བྱས་ནས། མང་ཚོགས་ནང་ཟབ་ཞུགས་ཀྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་དག་ཁ་གསལ་ཞིང་གོ་བདེ་བའི་རྡུང་ལེན་གྱི་འགྱུར་ཁུགས་ཁྲོད་ནས་གསལ་སྒྲོག་བྱས་པས། དམངས་ཀྱིས་དམངས་ལ་དྲིལ་སྒྲོགདང་དམངས་ཀྱིས་དམངས་ལ་སློབ་གསོ་གཏོང་བའིདགེ་མཚན་ལྡན་པའི་སྒྲིག་གཞི་ལེགས་པོ་བཟོས།

       གསུམ་ནསམི་རིགས་མཐུན་སྒྲིལ་གྱིས་ཀྲུང་གོ་འབྱོར་ཕྱུག་ལྡན་པར་འགྱུརཅེས་པ་དང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣར་བརྩོན་ལེན་བྱཞེས་པའི་ནང་དོན་གཙོ་བོར་མིང་རྟགས་འགོད་པའི་བྱ་འགུལ་སྤེལ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་བདེན་རྫུན་དབྱེ་འབྱེད་ཀྱི་བློ་གྲོས་གསལ་དགོས་པ་དང་། ལངས་ཕྱོགས་སྲ་བརྟན་ཡིན་དགོས་པ། དར་ཆ་གསལ་སྒྲེང་བྱེད་དགོས་པ་བཅས་ཀྱི་སློབ་གསོ་བཏང་།

       བཞི་ནས་སྡེ་བ་རེ་རེར་རྒྱང་བསྒྲགས་འཛུགས་སྐྲུན་གྱི་བཟོ་བཀོད་ལག་བསྟར་བྱས། འབྲོག་ཁྱིམ་ཅུང་ཕྱོགས་བསྡུས་ཡིན་པའི་སྡེ་བ་ནས་གདངས་ཆེན་རྒྱང་བསྒྲགས་བཙུགས་ཏེ་མི་ངེས་གཏན་ལ་འགན་བསྐྱོན་ནས་དུས་ལྟར་རྒྱལ་གཅེས་གླུ་དབྱངས་དང་། སྲིད་ཇུས་གསལ་འགྲེལ། ཁྲིམས་ལུགས་བཅའ་ཁྲིམས། བོད་འབྲེལ་བདེ་སྲུང་བཅས་ཀྱི་ནང་དོན་བརྒྱུད་སྒྲོག་བྱས།

       ལྔ་ནས་བརྙན་འཕྲིན་དང་ཚགས་པར་ལ་སོགས་པའི་སྨྱན་བྱད་ཀྱི་དྲིལ་སྒྲོག་ནུས་པ་འདོན་སྤེལ་བྱས། རྩེ་ཁོག་རྫོང་འབྲོག་དམངས་ཆ་འཕྲིན་ཚགས་པརདང་། རྫོང་བརྙན་འཕྲིན་ས་ཚིགས་ཀྱི་བྱེད་ནུས་བེད་སྤྱོད་གང་ལེགས་བྱས་ཏེ།རྩེ་ཁོག་འབྲོག་དམངས་ཆ་འཕྲིན་ཚགས་པརསྟེང་མི་རིགས་མཐུན་སྒྲིལ་གྱི་ཆེད་རྩོམ་བཀོད་པ་དང་། རྫོང་བརྙན་འཕྲིན་ས་ཚིགས་ནས་དགོང་རེའི་གསར་འགྱུར་ལེ་ཚན་གྱི་མགོ་མཇུག་ཏུ་མི་རིགས་མཐུན་སྒྲིལ་གྱི་བསྒྲགས་ཡིག་དང་འབྲེལ་ཡོད་ཁྲིམས་ལུགས་བཅའ་ཁྲིམས་བརྒྱུད་གཏོང་བྱས།

       དྲུག་ནས་དྲིལ་སྒྲོག་མི་སྣ་སྡེ་བ་རེ་རེའི་ཁྱིམ་ཚང་རེ་རེར་ཕྱིན་ནས་དྲིལ་སྒྲོག་བྱེད་པར་བཀོད་སྒྲིག་བྱས། རྫོང་ཡོངས་ཀྱི་ལས་ཁུངས་སོ་སོ་ནས་རྒྱ་བོད་སྐད་རིགས་གཉིས་ལྡན་གྱི་ནུས་ལྡན་ལས་བྱེད་རྩ་འཛུགས་བྱས་ནས། ཞང་དང་གྲོང་རྡལ་དང་། སྡེ་བ་སོ་སོའི་འབྲོག་ཁྱིམ་དུ་སོང་ནས་མང་ཚོགས་དང་ཁ་གཏུགས་ཀྱིས་དྲིལ་སྒྲོག་བྱས་པར་མ་ཟད། བྱ་བ་དངོས་ལ་ཟུང་འབྲེལ་གྱིས་འབྲོག་པ་མང་ཚོགས་ལ་རོགས་རམ་བྱས་ཏེ་འཚོ་བ་དང་ཐོན་སྐྱེད་ཐད་གནས་པའི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱས། །

 

གོང་མ།:ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་འབྲེལ་བཙུགས་སྡེ་བ་ནས་རིག་རྩལ་འཁྲབ་སྟོན་བརྒྱུད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པ།
འོག་མ།:ཧི་ནན་སོག་རྫོང་གིས“ང་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བར་ཇུས་འདོན་དང་བྱས་རྗེས་འཇོག”ཅེས་པའི་བྱ་འགུལ་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།