ཧི་ནན་སོག་རྫོང་གིས“ང་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བར་ཇུས་འདོན་དང་བྱས་རྗེས་འཇོག”ཅེས་པའི་བྱ་འགུལ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

           རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་རང་འགུལ་དང་ཧུར་བརྩོན་གྱིས་མི་རིགས་མཐུན་སྒྲིལ་བྱ་འགུལ་ཁྲོད་ཞུགས་ཚད་མཐོར་འདེགས་གཏོང་ཆེད། ཧི་ནན་སོག་རྫོང་གིས༢༠༡༣ལོའི་ཟླ༢པའི་ནང་རྫོང་ཡོངས་ཀྱི

རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱི་ཁྲོད་དུང་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བར་ཇུས་འདོན་དང་བྱས་རྗེས་འཇོགཅེས་པའི་བྱ་འགུལ་སྤེལ།

      བྱ་འགུལ་དེའི་ནང་དུ་བསམ་འཆར་བསྡུ་ལེན་ཡི་གེ༡༠༠༠བཀྲམ་པ་དང་། ཕྱིར༩༥༧བསྡུས་ཏེ། ཕྱིར་བསྡུས་པའི་ཚད༩༥.༧%ལ་སླེབས། བསམ་འཆར་བསྡུ་ལེན་ཡི་གེ་འགྲེམ་སྤེལ་བྱས་པ་བརྒྱུད་དེ་འབྲེལ་ཡོད་ནང་དོན་ཕྱོགས༡༡ནས་བསམ་འཆར༨༣བསྡུས། དེའི་ནང་དུ། མི་རིགས་དཔལ་འབྱོར་ཤུགས་ཆེན་གྱིས་དར་སྤེལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་མུ་མཐུད་དུགད་སྙིགས་དཀར་པོའིསྦགས་བཙོག་གཙང་བཟོ་ལ་ཤུགས་སྣོན་བྱེད་པ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་མཐོར་འདེགས་སུ་གཏོང་བ། སློབ་གསོ་ལ་གཙིགས་འཛིན་བྱེད་པ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་བཅས་ཀྱི་ཕྱོགས་སུ་མང་ཚོགས་ཀྱི་འབོད་སྒྲ་ཧ་ཅང་མཐོ་ལ། སྲིད་གཞུང་གིས་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུའི་རེ་འདུན་བཏོན། ཧི་ནན་སོག་རྫོང་གིས་ཐེངས་འདིའི་བྱ་འགུལ་ཁྲོད་རིན་ཐང་ཆེ་བའི་བསམ་འཆར་འདི་དག་ལ་གཙིགས་འཛིན་དང་ལེན་བྱས་ནས། ཕན་ཡོད་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་བྱ་འགུལ་ཁྲོད་ཀྱི་མི་འདང་ས་དང་གནད་དོན་དག་ཐག་ཐག་གཅོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་བརྟན་བརླིང་ངང་སྤེལ་རྒྱུ་རེད།

       ཐེངས་འདིའི་བྱ་འགུལ་བརྒྱུད་དེ་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་མི་རིགས་མཐུན་སྒྲིལ་བྱ་འགུལ་ཁྲོད་ཞུགས་པའི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བར་སྐུལ་སྤེལ་གྱི་ནུས་པ་ཐོན།

ཧི་ནན་རྫོང་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བའི་གཞུང་སྒྲུབ་ཁང་ནས་འདོན་སྤྲོད་བྱས།

གོང་མ།:མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཆེན་མོ་སྒྲིག་འཛུགས་བྱས་ཏེ་སྤྱི་ཚོགས་གླེང་ཕྱོགས་ཀྱི་ཁ་དབུགས་ལེགས་པོ་བཟོས རྩེ་ཁོག་རྫོང་གིས་བྱ་ཐབས་དྲུག་གི་སྒོ་ནས་བསམ་བློའི་སློབ་གསོའི་སྣེ་ཁྲིད་བྱ་བ་ཤུགས་ཆེན་གྱིས་སྤེལ།
འོག་མ།:རྨ་ཆུའི་འགྲམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་བཙུགསགཅན་ཚ་རྫོང་མི་དམངས་སྨན་ཁང་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་མང་ཚོགས་ལ་སྙིང་ཐག་པས་ཞབས་ཞུ་བསྒྲུབས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།