རྨ་ཆུའི་འགྲམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་བཙུགསགཅན་ཚ་རྫོང་མི་དམངས་སྨན་ཁང་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་མང་ཚོགས་ལ་སྙིང་ཐག་པས་ཞབས་ཞུ་བསྒྲུབས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

           རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་དམངས་ལ་ཞབས་ཞུ་བསྒྲུབས་ཏེ་སྲོག་སྐྱོབ་ནད་བཅོས་ཀྱི་སྨན་པའི་ཀུན་སྤྱོད་ལེགས་པོ་རྒྱུན་འཛིན་བྱེད་ཆེད།ཧུར་བརྩོན་གྱིས་རྨ་ཆུའི་ཕ་རོལ་གྱི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་སྡེ་བ་དུ་མའི་མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས། རྨ་ཆུའི་འགྲམ་གཉིས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་བར་བརྩེ་བ་ཟབ་མོ་ཆགས་སུ་བཅུག

        གཅན་ཚ་རྫོང་དང་ཁ་གཏད་དུ་ཆགས་ཡོད་པའི་རྨ་ཆུའི་ཕ་རོལ་གྱི་དཔའ་ལུང་རྫོང་གི་ཆུ་འཁོར་དང་ནང་མདོ། རྩ་བ། ཡར་རྐ། སྟག་ལུང་ལ་སོགས་པའི་ཞང་དང་གྲོང་རྡལ་གྱི་རྒྱ་རིགས་དང་བོད་རིགས། ཧོ་རིགས་བཅས་ཀྱི་མང་ཚོགས་ཁྲི༧.༥ལྷག་མཉམ་ལས་སྨན་བཅོས་སུ་ཞུགས་ཡོད་ནའང་། རྫོང་གི་གཅིག་གྱུར་དོ་དམ་གྱི་གཞི་རྩའི་ཆ་རྐྱེན་འོག་ཏུ་དཔའ་ལུང་རྫོང་མཁར་གྱི་གཏན་ཁེལ་སྨན་ཁང་ནས་སྨན་བཅོས་བྱེད་པ་མ་གཏོགས། རྨ་ཆུའི་ཚུར་རོལ་གྱི་གཅན་ཚ་རྫོང་མི་དམངས་སྨན་ཁང་དུ་ཡོང་མི་བདེ་བ་དང་། མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བའི་གནད་དོན་འབུར་ཐོན་དུ་གྱུར། གནད་དོན་དེ་ལ་དམིགས་ཏེ་གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་སྲོག་སྐྱོབ་ནད་བཅོས་དང་མང་ཚོགས་ཀྱི་དོན་དག་ལ་ཆེ་ཆུང་མེད་པར་ཞབས་འདེགས་སྒྲུབ་པའི་སྤྱོད་བཟང་གཞིར་བཟུང་ནས། ཐེངས་མང་པོར་དཔའ་ལུང་རྫོང་གི་མཉམ་ལས་སྨན་བཅོས་གཏན་ཁེལ་སྨན་ཁང་ལ་འབྲེལ་གཏུག་ཟབ་མོ་བྱས་ཏེ་ཕན་ཚུན་བར་ལ་ཡིད་ཆེས་གན་རྒྱ་བཞག་པ་མ་ཟད། གཅན་ཚ་རྫོང་མི་དམངས་སྨན་ཁང་དཔའ་ལུང་རྫོང་གི་གཏན་ཁེལ་སྨན་ཁང་གི་ཁོངས་སུ་བཞག་སྟེ། གཅན་ཚ་རྫོང་དང་ཐག་ཉེ་བའི་དཔའ་ལུང་རྫོང་གི་ཞང་དང་གྲོང་རྡལ་ནས་མི་ཁྲི༣.༢ལྷག་ཞབས་ཞུ་བྱེད་ཡུལ་དུ་བཅུག་ནས་དཔའ་ལུང་རྫོང་གི་མང་ཚོགས་ཁ་ཅིག་གིས་སྨན་པར་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས།

          མིག་སྔར། གཅན་ཚ་རྫོང་མི་དམངས་སྨན་ཁང་དུ་སྡོད་པའི་ནད་པ༣༠%དང་། སྒོ་བསྟེན་ནད་པ༥༠%  མྱུར་སྐྱོབ་ནད་པ༦༠%ཡན་ཆད་ཚང་མ་རྨ་ཆུའི་ཕ་རོལ་གྱི་དཔའ་ལུང་རྫོང་གི་ཞང་དང་གྲོང་རྡལ་འགའ་ནས་ཡོང་བ་རེད། ༢༠༡༣ལོར། གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་སྔ་གཞུག་ཐེངས་གཉིས་ལ་བདེ་ཐང་དང་ཞབས་ཞུ་བསྐྱལ་བའི་བྱ་འགུལ་སྤེལ་ཏེ། དཔའ་ལུང་རྫོང་ཆུ་འཁོར་གྲོང་རྡལ་དང་(滩心ཐེན་ཞིན་ཏན་ལ་སོང་ནས་རོང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་གསར་བའི་སྲིད་ཇུས་དྲིལ་སྒྲོག་བྱེད་ཞོར་གླ་མི་ལེན་པརBཁྲའོ་དང་། སྙིང་ཁམས་གློག་རིས། རྒྱུན་ལྡན་ནད་བརྟག་བཅས་ཀྱི་ཞབས་ཞུ་བསྒྲུབས་ནས་ནད་པ༤༠༠༠ལྷག་ལ་ནད་བརྟག་བྱས་པ་དང་། གླ་མ་བླངས་པའི་སྨན་ཡོན་སྒོར་ལ་བཀུག་ན་སྒོར་ཁྲིལྷག་ལ་སླེབས། གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་གཅན་ཚའི་མཉམ་ལས་སྨན་བཅོས་སུ་ཞུགས་ཡོད་པའི་དཔའ་ལུང་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྡུག་སྙིང་ལ་བཅངས་ཤིང་། ནད་པ་དང་ནད་པའི་བཟའ་མི་དཀའ་ཁག་ཅན་དང་འཕྲད་ཚེ་དུས་ལྟར་ཁག་སེལ་གྱི་ལག་ཟུང་བསྲིངས་ཏེ་དཀའ་ཁག་ཁྱད་གསོད་བྱས་ཏེ། ༢༠༡༣ལོའི་ཟླ༥བར། དཔའ་ལུང་རྫོང་སྟག་ལུང་ཞང་གི་སྡེ་མི་མཱ་མ་ཅ་ལ་མཁྲིས་ནད་བྱུང་བ་དང་། ཁྱིམ་ཚང་དཀའ་ཁག་ཆེ་བས་སྨན་ཡོན་སྟེར་མི་ཐུབ་པ་ཤེས་རྗེས། སྨན་ཁང་གི་སྨན་པ་ཡོངས་ཀྱིས་རང་འགུལ་གྱིས་ཞལ་འདེབས་སྒོར༣༦༠༠བསྡུས་ནས་སྨན་ཡོན་དང་འཚོ་བའི་ཁ་གསབ་དུ་སྤྲད། དུས་ལྟར་གཤག་བཅོས་ཀྱི་སྨན་བཅོས་ཐོབ་པ་དང་། སྨན་པ་དང་སྨན་གཡོག་མི་སྣས་ཤ་ཚའི་གཉོར་སྐྱོང་འོག་ཏུ་མྱུར་བ་མྱུར་དུ་དྲག་སྐྱེད་བྱུང་། མཱ་མ་ཅའི་སྤྱིའི་སྨན་ཡོན་ལ་སྒོར༦༨༠༠ཤོར་བ་དང་། ཞིང་ཆེན་སྨན་ཁང་གི་སྨན་ཡོན་གྱི་ཚད་དང་བསྡུར་ན༢༠%ཙམ་ལས་ཟིན་མེད། ཡང༢༠༡༣ལོའི་ཟླ༩བར། དཔའ་ལུང་རྫོང་ཧྲ་ལིན་པོ་ཞང་གི་སྡེ་མི་བཱང་ཨ་ཡེ་ཧྲི་དབང་བོ་ཤོར་བ་དང་། དྲག་ཚ་རྒྱས་པས་སྨན་ཁང་གིསཀླད་པའི་ཁྲག་ལམ་འགག་པའིབརྟག་དཔྱད་ཐོབ་ལ། མྱུར་སྐྱོབ་བྱས་པ་བརྒྱུད་དྲག་སྐྱེད་བྱུང་མོད། སྨན་ཁང་གིས་ནད་པའི་བདེ་ཐང་ལ་འགན་འཁུར་བའི་རྣམ་འགྱུར་ངང་ནད་པ་ལ་ཞིང་ཆེན་རིམ་པའི་སྨན་ཁང་དུ་ཕྱིན་ནས་ཡང་བསྐྱར་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུའི་རེ་བ་བཏོན། འོན་ཀྱང་། ཁྱིམ་ཚང་དབུལ་ཕོངས་ཡིན་པས་སྨན་ཁང་བརྗེ་རྒྱུ་ཕར་ཞོག ཐ་ན་སྨན་ཁང་དུ་བསྡད་པའི་སྨན་ཡོན་ཡང་སྟེར་དཀའ་བས། སྨན་ཁང་གི་སྨན་པ་ཚང་མས་རང་འགུལ་གྱིས་ཞལ་འདེབས་སྒོར༨༠༠༠བསྡུས་ནས་སྨན་ཡོན་སྤྲད། ནད་པ་སྨན་ཁང་ནས་ཕྱིར་བུད་མ་ཐགརྨ་ཆུའི་འགྲམ་གཉིས་མཉམ་དུ་འཕེལ་རྒྱས་དང་། ཁྱིམ་གཅིག་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་ཆགསཞེས་པའི་ཡི་གེ་བྲིས་པའི་བསྟོད་བསྔགས་ཀྱི་འགེལ་དར་ཕུལ་ནས། གཅན་ཚ་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བའི་སེམས་ཁམས་བསྟན།

གོང་མ།:ཧི་ནན་སོག་རྫོང་གིས“ང་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བར་ཇུས་འདོན་དང་བྱས་རྗེས་འཇོག”ཅེས་པའི་བྱ་འགུལ་སྤེལ་བ།
འོག་མ།:ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་འབྲེལ་བཙུགས་སྡེ་བ་ནས་རིག་རྩལ་འཁྲབ་སྟོན་བརྒྱུད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།