ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་འབྲེལ་བཙུགས་སྡེ་བ་ནས་རིག་རྩལ་འཁྲབ་སྟོན་བརྒྱུད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

           ཁུལ་ཨུའིད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་འགངས་ཆེན་བྱ་བ་བརྟན་བརླིང་ངང་བསྒྲུབ་དགོས་པའི་སྐོར་གྱི་བརྡ་སྦྱོརགྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་དང་།

མི་རིགས་མཐུན་སྒྲིལཡར་ཐོན་སྔོན་ཐོན་ས་ཁུལ་གསར་བསྐྲུན་གྱི་ཁ་དབུགས་ལེགས་བཟོ་བྱ་ཆེད།ཟླ1པོའི་ཚེས7ནས8ཉིན་བར།ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་ཁུལ་ཨུའི་དྲིལ་སྒྲོག་པུའུ་ལ་འབྲེལ་གཏུག་བྱས་ཏེ་ཞིང་ཆེན་འཁྲབསྟོན་ཚོགས་པ་ཚད་ཡོད་འགན་ལེན་ཀུང་སི་དང་ཁུལ་མི་རིགས་ཟློས་གར་ཚོགས་པའི་འཁྲབ་སྟོན་པ༤༠ལྷག་གདན་འདྲེན་བྱས་ཤིང་། རེབ་གོང་རྫོང་ཐོ་ཀྱྰ་གྲོང་རྡལ་ཐོ་ཀྱྰ་སྡེ་བ་དང་མདོ་བ་ཞང་ཆུ་རྔ་སྡེ་བརསོང་ནས“མཛེས་པའི་ཕ་ཡུལ་ཀྲུང་གོའི་སྨོན་འདུན་དེ།། མི་རིགས་མཐུན་སྒྲིལ་སྡེ་བ་འདི་རུ་སླེབས།།”ཞེས་པ་བརྗོད་སྙིང་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས་ལ། ལྟད་མོ་བ༢༣༠༠ལྷག་གིས་མཛེས་སྡུག་སྙིང་བཅུདལྡན་པའི་ལྟད་མོར་གཟིགས། འཁྲབ་སྟོན་མ་བྱས་པའི་སྔོན་དུ། ཞང་གྲོང་རྡལགི་ལས་བྱེད་པས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་སྐོར་གྱི་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་དང་།ཡུལ་དངོས་ནས་འགྲེལ་བཤད་རྒྱག་པ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱ་བའི་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱས།

          འཁྲབ་སྟོན་ཁྲོད་དུ། ཞིང་ཆེན་འཁྲབ་སྟོན་ཚོགས་པ་ཚད་ཡོད་འགན་ལེན་ཀུང་སི་དང་ཁུལ་མི་རིགས་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཟློས་གར་དང་རོལ་དབྱངས། ཁེར་ལེན་བཅས་སྣ་ཁ༡༥འཁྲབ་པ་དེས་ལྟདམོ་བ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུགས་པ་དང་། དགའ་སྤྲོའི་མཐེབ་སྒྲ་རྒྱ་མཚོའི་རླབས་སྒྲ་ཇི་བཞིན་མཁའ་དབྱིངས་སུ་ཁྱབ། འཁྲབ་སྟོན་ཁྲོད་དུ་མདོ་འཛིན་པས་ཧུར་བརྩོན་གྱིས་མང་ཚོགས་རྣམས་ལ་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་མང་པོ་བྱ་དགའི་རྣམ་པ་ལས་དྲི་བ་བཏོན་པ་ལ། ལྟད་མོ་བ་རྣམས་ཀྱིས་སྔ་རྗེས་བརྩད་དེ་དྲིས་ལན་བཏབ་སྟེ་ཚོགས་རའི་དགའ་སྤྲོའི་ཁ་དབུགས་ཡར་རྩེར་སོན། འཁྲབ་སྟོན་གྱི་མགོ་ནས་མཇུག་བར་དུ། སློབ་གསོའི་དབྱངས་ཀྱི་འགྱུར་ཁུགས་སུ་ཞུགས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་མངོན་གསལ་གྱིས་བསྟོད་པ་དང་། མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་གཏིང་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་བསྐྲུན་སྐོར་གྱི་ཡང་དག་པའི་སྤྱི་ཚོགས་ནུས་ཤུགས་བརྒྱུད་སྤྲོད་བྱས། །

གོང་མ།:རྨ་ཆུའི་འགྲམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་བཙུགསགཅན་ཚ་རྫོང་མི་དམངས་སྨན་ཁང་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་མང་ཚོགས་ལ་སྙིང་ཐག་པས་ཞབས་ཞུ་བསྒྲུབས།
འོག་མ།:རྒྱལ་ཁམ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་འཛུགས་སྐྲུན་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།